དབུ་ཤོག>ཞིང་འབྲོག་གསར་པ།
  • “ལྷ་སའི་ཁྱིམ་ཚང་”མགྲོན་ཁང་གི་སྦྱིན་བདག་བདེ་སྐྱིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-07

    ལོ་20ལ་སླེབས་པའི་བདེ་སྐྱིད་ནི་ལྷ་ས་གྲོང་ཁྱེར་གྲོང་ཁུལ་བྱང་འདབས་ཀྱི་རི་གཤམ་དུ་ཡོད་པའི“ལྷ་སའི་ཁྱིམ་ཚང”མགྲོན་ཁང་གི་སྦྱིན་བདག་རེད། དེ་ཉིན་བདེ་སྐྱིད་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་འདུག

    སྐུ་མགྲོན་ཚོ་དེ་གའི་བོད་རིགས་ཀྱི་ཉམས་འགྱུར་ལྡན་པའི་མགྲོན་ཁང་གི་ཁུ་སིམ་རྣམ་པས་རྦད་དེ་ཡིད་དབང་འཕྲོག དེ་རྗེས་བདེ་སྐྱིད་ཀྱི་ཨ་མས་སྐུ་མགྲོན་ཚོར་ཚགས་ཤ་སྐམ་པོ་དང་ཕྱུ་ར་སོགས་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་ཁ་ཏོག་བཏང་བས་སྐུ་མགྲོན་ཚོས་དངོས་འབྲེལ་ཞིམ་པོ་འདུག་ཅེས་བསྔགས་བརྗོད་བྱས།

    བདེ་སྐྱིད་ཀྱིས་སྐུ་མགྲོན་ཚོ་ཚོམས་ཆེན་ནང་ལྟ་སྐོར་བྱེད་དུ་བཅུག་པས་སྐུ་མགྲོན་ཚོས་བོད་ལུགས་ཁྱད་ཆོས་ལྡན་པའི་ཚོམས་ཆེན་སྐྱིད་སྣང་དོད་པ་ཞིག་འདུག་ཅེས་བཤད།

    བདེ་སྐྱིད་ནི་ལྷ་ས་གྲོང་ཁྱེར་དོག་སྡེ་ཤང་འོད་དཔལ་གྲོང་ཚོའི་གྲོང་ཚོ་གསུམ་པའི་གྲོང་མི་ཡིན་ཞིང་། 2014ལོར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་བཙུགས་པའི་བོད་ཀྱི་དམངས་སྲོལ་སྡོད་ཁང་སྤུས་རྟགས་ཏེ། “ལྷ་སའི་ཁྱིམ་ཚང”ཞེས་པའི་རྣམ་གྲངས་ལག་བསྟར་བྱས་པ་རེད།

    “དེའི་ནང་ཞུགས་རྗེས། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ང་ཚོར་གུས་ལུགས་དང་གཉེར་སྐྱོང་བྱེད་སྟངས་སོགས་བསླབས་བྱུང་། ཟླ་གསུམ་གཉེར་སྐྱོང་བྱས་རྗེས། ངས་གང་འདྲ་བྱས་ཏེ་འགྲུལ་པར་སྣེ་ལེན་དང་འགྲུལ་པ་དང་སྤེལ་རེས་བྱེད་དགོས་མིན་ཤེས་བྱུང་། ལོ་གཉིས་པར་འགྲུལ་པ་མང་དུ་ཕྱིན་པ་དང་ན་ནིང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་མི་ཐེངས་700ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང”ཞེས་བཤད།

    ཁེ་བཟང་བྱུང་རྗེས། བདེ་སྐྱིད་ཀྱིས་ཐབ་ཚང་རྒྱ་ཆེ་རུ་གཏོང་བ་དང་གསང་སྤྱོད་ལེགས་སུ་གཏོང་རྩིས་ཡོད་ཅེས་མགྲོན་ཁང་གི་ཆ་རྐྱེན་ལེཌ་སུ་གཏོང་རྒྱུའི་བསམ་བློ་བཤད།

    “ངས་ཕ་མ་དང་གྲོས་བསྡུར་བྱས་ཏེ་སྒོ་རའི་རྒྱབ་ཀྱི་ས་སྟོང་ཐོག་འགྱིག་ཤོག་དྲོད་ཁང་བརྒྱབ་པ་ཡིན། ད་ལོ་ཀྲོ་མ་ཀྲུའུ་མང་པོ་བཏགས་པ་དང་ངས་སྐུ་མགྲོན་ཚོར་བྲོ་བ་མྱང་དུ་བཅུག་སྐབས་ཁོང་ཚོས་ལྷ་སའི་ཀྲོ་མ་ཀྲུའུ་ལ་གདེང་འཇོག་ཡག་པོ་བྱས་བྱུང”ཞེས་བཤད།

    “ལྷ་སའི་ཁྱིམ་ཚང”ཞེས་པའི་རྣམ་གྲངས་ལ་ཞུགས་ཐུབ་པ་དེ་འོད་དཔལ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ལས་དོན་རུ་ཁག་གི་བཀའ་དྲིན་རེད། ལས་དོན་རུ་ཁག་གི་རུ་དཔོན་བསོད་ནམས་བདེ་སྐྱིད་ཀྱིས་2014ལོར་དོག་སྡེ་ཤང་དུ་རྣམ་གྲངས་དེ་ལག་བསྟར་བྱས་རྗེས་ང་ཚོས་ཁྱིམ་ཚང་མགྲོན་ཁང་དྲུག་བཙུགས་པས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད།

    “ལྷ་སའི་ཁྱིམ་ཚང”ཞེས་པའི་རྣམ་གྲངས་ལས་མི་སེར་གྱི་ཡོང་འབབ་འཕར་བ་མ་ཟད། འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཁར། བོད་ཀྱི་རིག་གནས་སྤེལ་རེས་དང་བརྒྱུད་བསྒྲགས་བྱ་རྒྱུར་ཡང་སྐུལ་འདེད་ཀྱང་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།