དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་སྤེལ་བའི་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-07

    ཐག་རིང་གྲོང་གསེབ་ནས་རྩྭ་ཐང་འབྲོག་ཁུལ་བར་དང་། ཞིང་ནང་དང་འབྲོག་ར་ནས་སློབ་གྲྭ་དང་ཁྱིམ་ཚང་བར། དབུལ་སྐྱོར་ཐོན་ལས་གླིང་ཁུལ་ནས་ཡུལ་གཞན་ནས་གྲོང་གསར་དུ་གནས་སྤོས་བར་བཅས་དུས་ཐུང་ལོ་འགའ་ཤས་ནང་། ལྷ་སའི་ས་གཞི་ཆེན་པོར་ཕྲུ་གུ་མང་པོ་ཞིག་སློབ་གསོར་བརྟེན་ནས་དབུལ་སྐྱོར་བྱས་པ་བརྒྱུད་ཁོང་ཚོའི་ལས་དབང་ལ་འགྱུར་ལྡོག་ཕྱིན་པ་དང་། མང་ཚོགས་དབུལ་པོ་སྔར་ལས་མང་བ་ཞིག་གིས་རང་གི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཏོད་པ། ཁྱིམ་ཚང་སྔར་ལས་མང་བ་ཞིག་ལ་རེ་བ་གསར་པ་ཁེངས་པ་ལ་སོགས་རེད།

    སྙེ་མོ་རྫོང་གི་དུད་ཚང་དབུལ་པོ་ཟླ་བ་མཚམས་གཅོད་ཁྱིམ་གྱི་གྱང་སྟེང་དུ་གནད་སྨིན་དབུལ་སྐྱོར་གྱི་ཁ་གསལ་གཱ་ཞིག་བཀལ་ཡོད་པ་དང་། དེའི་ནང་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ། ཁྱིམ་ཚང་གི་ཡོང་འབབ་གནས་ཚུལ། ཁྱིམ་ཚང་གི་འགྲོ་སོང་གནས་ཚུལ་ལ་སོགས་དོན་དག་ཚང་མ་གསལ་པོར་བཀོད་ཡོད་པ་རེད།

    འབྲེལ་འདྲིས་དང་བཀོལ་སྤྱོད་ཆོག་པའི་གནད་སྨིན་ཐབས་ཇུས་ནི་ལྷ་ས་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་ཀྱི“མཆོག་ནོར”ཞིག་ལ་གྱུར་ཡོད་པ་རེད།

    དབུལ་སྒྲོལ་གྱི་གཏམ་རྒྱུད་ཅིག་གླེང་སྐབས་ཟླ་བ་མཚམས་གཅོད་ཀྱིས། “རྫོང་གི་དབུལ་སྐྱོར་ལས་དོན་མི་སྣར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཚོ་གྲོང་ཚོ་དང་དུད་ཚང་དུ་ཐེངས་མང་བསྐྱོད་དེ་ངའི་ཁྱིམ་ཚང་གི་གནས་ཚུལ་དང་དབུལ་པོ་ཆགས་པའི་རྒྱུ་རྐྱེན་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད་རང་ཉིད་ཀྱི་ལས་ཞུགས་འདུན་པ་ཡང་ཞིབ་པར་གསན་གནང་བྱུང་། ཁོང་ཚོའི་རོགས་རམ་འོག་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ང་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པར་སྤོ་རྒྱུ་བྱུང་བ་མ་ཟད། ད་དུང་ལས་ཀ་དང་ཡོང་འབབ་བརྟན་པོ་ཞིག་ཀྱང་རག་བྱུང”ཞེས་བཤད།

    དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་བོ་ནི་གནད་སྨིན་ལྷོད་མེད་བྱ་རྒྱུར་ཐུག་ཡོད་ལ། རྒྱལ་ཕམ་གང་འདྲ་ཞིག་ཡོང་མིན་ཡང་གནད་སྨིན་ལ་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་ཐབས་ཇུས་དགོངས་པ་གལ་ཆེན་གྱི་མཛུབ་ཁྲིད་འོག་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་སྐུལ་འདེད་ཤུགས་ཆེན་འོག་ལྷ་ས་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གནད་སྨིན་སྲིད་ཇུས་མ་ལག་ཅིག་བསྐྲུན་ནས་དབུལ་པོ་ངོ་མ་དབུལ་སྒྲོལ་ཐུབ་པ་དང་དངོས་སུ་དབུལ་སྒྲོལ་ཐུབ་རྒྱུར་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་ལ་དབུལ་ཕོངས་དབྱེ་འབྱེད་ཐེངས་མང་བྱེད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གཞི་གྲངས་ཆ་འཕྲིན་བདེན་མིན་ཞིབ་དཔྱད་ནན་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་གཞི་གྲངས་ཆེ་མོའི་ལས་སྟེགས་ཐོག་མ་དེ་བསྐྲུན་པས། གྲོང་ཁྱེར་དེ་ཡོངས་ཀྱི་དུད་ཚང་11237གྱི་མི་འབོར་དབུལ་པོ་44162གྱི་གཞི་རྩའི་གནས་ཚུལ་དང་དབུལ་པོར་གྱུར་རྐྱེན་ཕྱོགས་ཡོངས་ནས་གསལ་རྟོགས་ཐུབ་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་ཐོན་རིམ་བཞིན་ལ་ལྟ་སྐུལ་ཚོད་འཛིན་དང་གྲུབ་འབྲས་དཔྱད་དཔོག་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་ཐུབ་ནས་གནས་ཚུལ་ཐོན་རིམ་བཞིན་ཁོང་དུ་ཆུད་པ་དང་། གནད་སྨིན་ལེགས་སྒྲིག དོ་དམ་ཞིབ་ཚགས་བཅས་མངོན་འགྱུར་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།