དབུ་ཤོག>ཞིང་འབྲོག་གསར་པ།
  • “དབུལ་ཞྭ”ཕུད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-07

    2016ལོ་ཚུན། སྨན་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ནས་གནད་སྨིན་ལ་དོ་ཁུར་དང་འབེན་གཏད་ཇུས་འདོན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། མིག་སྔའི་བར། རྫོང་དེ་ཡོངས་སུ་དབུལ་པོར་གྱུར་ཚད་0.65%བར་ཆག་ནས་དབུལ་སྒྲོལ་ལས་འགན་དུས་བཀག་བཞིན་ལེགས་གྲུབ་བྱུང་ཡོད་པ་རེད། དེའི་ཐད། སྨན་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་མུའུ་ཀྲིས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཕྱོགས་གསུམ་གྱི་ཐད་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་རྫོང་དེའི་བྱ་ཐབས་དང་ཉམས་མྱོང་ཚད་མཐོའི་སྙིང་བསྡུས་བྱས་ཡོད་པ་སྟེ། 

    འགག་སྒྲོལ་གྱི་གཙོ་གནད་འབུར་དུ་ཐོན་པར་བྱས་ནས་གནད་སྨིན་འབེན་གཏད་ཇུས་འདོན་བྱས་པ། དབུལ་སྒྲོལ་གྱི“ཐབས་མཆོག”སྐོར་གླེང་སྐབས། སྨན་གླིང་རྫོང་གིས་ཡུལ་གཞན་དུ་གནས་སྤོས་ཀྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མ་དངུལ་སྒོར་ཁྲི་6179.13བཏང་ནས་དུད་ཚང་129ཡི་མི་གྲངས་522ཡུལ་གཞན་དུ་གནས་སྤོས་ལས་གྲྭ་ལག་ལེན་བསྟར་བ་དང་། མིག་སྔར་གནས་སྤོས་ཡུལ་མི་ཚང་མ་སྡོད་ཁང་གསར་པའི་ནང་སྡོད་ཐུབ་པ་བྱུང་ཡོད། སྣོད་བཅུད་སྐྱིན་གསབ་ཀྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ལོ་གསུམ་ནང་རིམ་རྩིས་ལྟར་ན་སྣོད་བཅུད་སྐྱིན་གསབ་ལས་གནས་ཀྱི་མ་དངུལ་སྒོར་ཁྲི་2956.72སྤྲད་པ་དང་འབྲེལ། བྱེ་འགོག་བྱེ་བཅོས་ལས་གྲྭའི་དོ་དམ་སྲུང་སྐྱོང་མ་དངུལ་སྒོར་ཁྲི་156དོན་འཁྱོལ་བྱས་ཡོད། སློབ་གསོ་འཕེལ་རྒྱས་ཀྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དབུལ་སྐྱོར་དང་བློ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་བྱས་ནས་སློབ་གྲྭ་ཆེ་མོ་བ་དབུལ་པོ་204ལ་སློབ་ཡོན་དང་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་147.58སྤྲད་ཡོད། ལས་གནས་གཞན་སྒྱུར་གྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གསོ་སྦྱོང་འཛིན་གྲྭ་དུས་ཐེངས་39གཉེར་ཏེ་མི་716ལས་ཞུགས་གཞན་སྒྱུར་ཐུབ་པ་བྱས་ཡོད། སྤྱི་ཚོགས་འགན་སྲུང་གིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “རྒྱུད་གཉིས་གཅིག་སྒྲིལ”སྦྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་བཏང་ནས་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་ལ་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་ཁྲི་359.29སྤྲད་པ་དང་འབྲེལ། རྫོང་ཡོངས་ཀྱི་དུད་ཚང་169ཡི་མི་182ཀྱི་འགན་ལེན་ལྔའི་དུད་ཚང་ལས་མི་116ལ་གཅིག་སྡུད་བསྙེན་བཀུར་བྱས་ཡོད། སྨན་བཅོས་རོགས་སྐྱོབ་ཀྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ནས་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི་96.16སྤྲད་པ་དང་སྦྲགས། མང་ཚོགས་དབུལ་པོ་སྨན་ཁང་དུ་སྡོད་པའི་ཐོགས་མེད་བགྲོད་ལམ་བཏོད་ཡོད་ཅེས་ལི་མུའུ་ཀྲིས་གསར་འགོད་པར་བཤད། 

    “ཟུང་འབྲེལ་ལྔ”མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་བ། ལི་མུའུ་ཀྲིས་2016ལོ་ནས་བཟུང་། སྨན་གླིང་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་དང་གཙོ་གནད་ཀྱི་ལས་དོན་ནམ་རྨང་གཞིའི་ལས་དོན་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། དབུལ་སྒྲོལ་འགག་སྒྲོལ་དང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཟུང་འབྲེལ་མཐའ་འཁྱོངས་དང་། “གྲོང་ཚོའི་ཀྲི་པུའུ+མཉམ་ལས་ཁང+དུད་ཚང་དབུལ་པོ”དང“ཏང་ཡོན+འཇོན་ཐང་ཅན+རྟེན་གཞི”སོགས་ཀྱི་བྱ་ཐབས་སྤྱོད་པ། རྨང་བརྟན་དམངས་ཕན་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་གྲོན་དངུལ་དང་། མངགས་སྡོད་ཚན་པ་ཁག་གི་མ་དངུལ། ཏང་འཛུགས་སྐྱོང་གི་ཆེད་དོན་གྲོན་དངུལ་བསྡུ་སྒྲིལ་བཅས་བྱས་ནས་ཏང་འཛུགས་སྐྱོང་གི་དབུལ་སྐྱོར་རྣམ་གྲངས་28ལག་བསྟར་བྱས་ཡོད། ཡུལ་གཞན་དུ་གནས་སྤོ་དང་ཟུང་འབྲེལ་གྱིས་མ་དངུལ་སྒོར་དུང་ཕྱུར་1.14བཏང་ནས་གྲོང་ཁྱེར་དང་། རྫོང་། ཤང་གྲོང་བཅས་ཀྱི་ས་ཁོངས་གལ་ཆེན་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཁག་བཅུ་གསར་སྤེལ་བྱས་ཏེ་མང་ཚོགས་ལ་འབབ་འཕར་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    “ད་དུང་སྨན་གླིང་རྫོང་གིས་སླད་ཕྱིན་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཆབ་སྲིད་ཀྱི་ངེས་ཤུགས་དང་འགག་སྒྲོལ་གྱི་རྣམ་པ་མུ་མཐུད་རྒྱུན་བསྐྱངས་ནས་དུས་མཚམས་ཤིག་རིང་དབུལ་ཞྭ་ཕུད་པ་ལས་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ནས་མང་ཚོགས་ལ་རོགས་སྐྱོར་བྱེད་པ་དང་། དབུལ་སྒྲོལ་མ་ཐུབ་པའི་མང་ཚོགས་དབུལ་པོར་མུ་མཐུད་གནད་སྨིན་ཇུས་འདོན་གྱིས་སྔ་ཙམ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེབས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཏན་ཏིག་གཏོད་རྒྱུ་ཡིན”ཞེས་ལི་མུའུ་ཀྲིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།