དབུ་ཤོག>ཞིང་འབྲོག་གསར་པ།
  • 83ནས་92ལོའི་བར་ལ་སྐྱེས་པའི་དར་མ་ཚོས་ཡིན་གཅིག་མིན་གཅིག་གཟིཊ་རོཊ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2018-12-06

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བཅའ་ཁྲིམས》ཀྱི་གཏན་འབེབས་ལ་གཞིགས་ན། ལོ་16མན་གྱི་གྲོང་མིའི་ཐོན་གཉིས་པའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཚད་ལོ་5དང་།  ལོ་16ནས་25བར་གྱི་གོ་ཆོད་དུས་ཚད་ལོ་10  ལོ་26ནས་45བར་གྱི་གོ་ཆོད་དུས་ཚད་ལོ་20   ལོ་46ཡན་གྱི་གོ་ཆོད་དུས་ཚད་ཡུན་རིང་བཅས་རེད་འདུག

    དཔེར་ན། ཁྱེད་རང་1991ལོར་སྐྱེས་པར་ཆ་མཚོན་ན། གལ་ཏེ་ལོ་16ལོན་སྐབས་སམ་2007ལོར་ཐོན་གཉིས་པའི་ཐོབ་ཐང་ལག་ཁྱེར་བཟོས་ཡོད་ཚེ། ཁྱེད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་དུས་ཚད་2017ལོར་ཡོལ་གྱི་ཡོད་པ་ལྟར། 1992ལོའི་མིའི་ཐོབ་ཐང་ལག་ཁྱེར་གྱི་དུས་ཚད2018ལོར་ཡོལ་གྱི་ཡོད། 

    གལ་སྲིད་ཁྱེད་ཀྱིས་ཐོན་གཉིས་པའི་ཐོབ་ཐང་ལག་ཁྱེར་དུས་ཐོག་ཏུ་མ་བཟོས་ཚེ། 

    མེ་འཁོར་དང་། རླངས་འཁོར། གྲུ་གཟིངས། གནམ་གྲུ་སོགས་ལ་སྡོད་འཇུག་གི་མེད་ལ། མགྲོན་ཁང་དུའང་སྡོད་འཇུག་གི་མེད། ཐ་ན་གཏོང་སྤྲོད་འབོ་དང་སྐད་འཕྲིན་སོགས་ཀྱང་སྤྱོད་ཐུབ་ཀྱི་མེད། 

    ཐོབ་ཐང་ལག་ཁྱེར་ཇི་ལྟར་བྱས་ནས་བརྗེ་དགོས་སམ་ཞེ་ན། 

    ལྷ་སའི་ཐེམ་ཐོ་ཡིན་ཕྱིན་ཁོངས་གཏོགས་མངགས་གཏོང་ཁང་ནས་བརྗེ་ཆོག

    དུས་ཚད། 

    སྤྱི་བདེ་པུས་གཏན་འབེབས་བྱས་པའི་ལག་ཁྱེར་བཟོ་བའི་དུས་ཚད་ཉིན་90ཡིན་ནའང་། མིག་སྔར། རང་ལྗོངས་ཀྱིས་ལག་ཁྱེར་བཟོ་བའི་དུས་ཚད་ལས་ཀའི་ཉིན་30ལ་གནས་སྐབས་གཏན་འཁེལ་བྱས་ཤིང་། ཕྱིས་སུ། ཡུལ་གཞན་གྱི་ལག་ཁྱེར་གཉེར་བའི་སྒྲིག་ཆས་འབྱོར་བ་དང་ལས་དོན་རྒྱུན་གཏན་ལྟར་བསྒྱུར་ན་དུས་ཚད་དེ་བས་ཐུང་དུ་འགྲོ་གི་ཡོད། ལག་ཁྱེར་བཟོས་ཚར་རྗེས། ཁྲེང་ཀོན་ཆུས་ཕུད། ས་ཁུལ་གཞན་གྱི་བདེ་འཇགས་བཅོས་སྐྱོང་སྤྱི་ཁྱབ་རུ་ཁག་གི་ལག་ཁྱེར་བཟོ་སའི་ལྟེ་གནས་ཀྱིས་གཉེར་ཡུལ་ཁག་ཏུ་སྦྲག་སྐྱེལ་ལ་བརྟེན་ནས་བསྐྱལ་རྒྱུ་ཡིན་པས་གྲོང་མིས་དེ་ག་ནས་བླངས་ན་ཆོག

    འགྲོ་གྲོན། 

    ཐོབ་ཐང་ལག་ཁྱེར་ཡུལ་གཞན་དུ་བཟོ་སྐབས། ཐོན་གཉིས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཚད་ཡོལ་ནས་གསར་པ་བཟོ་དགོས་ཚེ་ལག་ཁྱེར་རེར་སྒོར་20བསྡུ་གི་ཡོད་པ་དང་། བོར་བརླག་སམ་ཡང་ན་ཆག་ནས་གསར་པ་བརྗེ་དགོས་རིགས་ལ་ལག་ཁྱེར་རེར་སྒོར་40བསྡུ་གི་ཡོད། 

    ལག་ཁྱེར་བཟོ་ཡུལ་གཞན། 

    ཀུན་བདེ་གླིང་མངགས་གཏོང་ཁང་དང་། རྗེ་འབུམ་སྒང་མངགས་གཏོང་ཁང་། དོག་སྡེ་ཤང་མངགས་གཏོང་ཁང་། སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཅུས། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་བཅས་སོ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།