དབུ་ཤོག>ཞིང་འབྲོག་གསར་པ།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-06

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུའི་དམིགས་ཚད་དང་། རྩ་འཛུགས་ཀྱི་ཐོན་ཁུངས་དབུལ་སྐྱོར་གྱི་ཐོན་ཁུངས་སུ་སྒྱུར་བ་དང་། རྩ་འཛུགས་ཀྱི་ལེགས་ཆ་དབུལ་སྒྲོལ་གྱི་ལེགས་ཆར་སྒྱུར་བ། རྩ་འཛུགས་ཀྱི་གསོན་ཤུགས་དབུལ་སྒྲོལ་གྱི་སྒུལ་ཤུགས་སུ་སྒྱུར་བ་བཅས་བྱ་རྒྱུར་དམིགས་ནས། གཞི་རིམ་རྩ་འཛུགས་དང་འགག་སྒྲོལ་དཔུང་ཁག་སྟོབས་ཆེར་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་ནས། ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལས་རྣམ་པར་རྒྱལ་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་པ་རེད།

    ལས་ཀའི་འགན་འཁྲི་ནན་ཏན་སྒྲུབ་ནས་འགག་སྒྲོལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ལས་འགན་ལ་ནན་པོར་གཞིགས་ནས། གྲོང་ཁྱེར་གྱིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིན་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ་རེད། དཔྱད་ཞིབ་ལམ་ལུགས་ལག་ལེན་ནན་པོ་བསྟར་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དངོས་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཤིང་། ཉེ་བའི་ལོ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཕུལ་བྱུང་ལས་བྱེད་པ་231གི་གོ་གནས་སྤར་བ་ལས། རྫོང་དང་ཁུལ་གྱི་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ཤང་དང་གྲོང་རྡལ་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་སོགས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་ལས་གནས་སྤར་བའི་ལས་བྱེད་པ86ཡོད་པ་དང་། འཇོན་ཐང་མངོན་གསལ་དོད་པོ་མེད་པ་དང་ད་ཆའི་འགན་འཁྲི་འཁུར་རྒྱུར་མི་འཚམ་པའི་ལས་བྱེད་པ་13གྱི་ལས་གནས་ལེགས་སྒྲིག་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དངོས་ཀྱི་ཐོག་ནས་ལས་བྱེད་པ་འདེམས་སྒྲུག་བྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་པ་རེད།

    གཞི་རིམ་རྩ་འཛུགས་སྟོབས་ཆེར་བཏང་ནས་དམག་འཐབ་མཁར་རྫོང་བརྟན་དུ་བཏང་བ། རྫོང་དང་ཤང་གི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་བརྟན་པོ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པའི་སྒྲིག་ཁྲིམས་དང་བླང་བྱ་ལག་བསྟར་ནན་པོ་བྱས་ནས། “དབུལ་སྒྲོལ་མ་ཐུབ་ན་ལེགས་སྒྲིག་མི་བྱེད་པ་དང་། དབུལ་ཞྭ་མ་ཕུད་ན་ལས་གནས་མི་སྤོར་བའི་བྱ་ཐབས”ལག་ལེན་བསྟར་བས། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་18དང་ཤང་དང་གྲོང་རྡལ་204ཡི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་174ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་རྫོང་གི་ལས་ཁུངས་ནས་ཕུལ་བྱུང་ན་གཞོན་ལས་བྱེད་པ་384ཤང་དང་གྲོང་རྡལ་དུ་མངགས་པ་དང་། ཕུལ་བྱུང་ན་གཞོན་ལས་བྱེད་པ་169གྲོང་ཚོ་དབུལ་པོའི་ཏང་ཀྲི་པུའི་ཧྲུའུ་ཅིར་མངགས་ནས། ལས་བྱེད་པའི་ཐོན་ཁུངས་དབུལ་སྒྲོལ་གྱི་འཐབ་ས་དང་པོར་ཕྱོགས་རྒྱུར་སྐུལ་འདེད་བཏང་བ་རེད།

    སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་བ། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་དོན་དང་ཧྲུའུ་ཅི་དང་པོ། རྨང་བརྟན་དམངས་ཕན་སོགས་ཀྱི་གྲོན་དངུལ་དང་། གཤམ་མངགས་ལས་བྱེད་པ་དང་། ལས་བྲལ་གྱི་གྲོང་ཚོའི་ལས་བྱེད་པ། ཧྲུའུ་ཅི་དང་པོ། གྲོང་སྡོད་ལས་བྱེད་པ། གྲོང་དཔོན་སློབ་གྲྭ་ཆེ་མོ་བ་སོགས་ཀྱི་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས་པ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་ལོ་བཞི་བསྟུད་མར་རིམ་རྩིས་བརྒྱབ་ན་དངུལ་སྒོར་དུང་ཕྱུར་2.7ཡན་བཏང་བ་དེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྔོན་གཏོད་དཔྱད་ཞིབ་བྱ་དགའི་ཐད་སྤྱད་དེ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་རྒྱུའི་སྐུལ་ལྕག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།