དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱིས་ཕྱོགས་མི་ཞིང་པ་ལས་མིར་མེ་འཁོར་སྤ་སེ་ཆིག་སྟོང་སྟེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2018-12-03

    ཉེ་ཆར། “སྦྲག་སྲིད་ཀྱི་རོགས་རམ་འོག ཕྱིར་ལོག་ལམ་བུ་སྤྲོ་བས་ཁེངས”ཞེས་པ་དང“བཟོ་ཚོགས་ཀྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན། ཕྱིར་ལོག་ལམ་དུ་སྦྲག་སྲིད་ཀྱི་རོགས་རམ་ཡོད”ཅེས་པའི་མེ་འཁོར་སྤ་སེ་སྟེར་བའི་སྤྱི་ཕན་བྱེད་སྒོ་སྐབས་གཉིས་པ་ལྷ་ས་མེ་འཁོར་བབས་ཚུགས་སུ་སྤེལ་ནས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་རང་སྐྱོང་ལྗོངས་སྦྲག་སྲིད་ཀུང་སིས་མཉམ་དུ་མ་དངུལ་བཏང་ནས་ཕྱོགས་མི་ཞིང་པ་ལས་མིར་ཟླ་11ཚེས་27ཉིན་ནས་ཟླ་12ཚེས་31བར་གྱི་ལྷ་ས་ནས་ཁྲེང་ཏུའུ་དང་། ལྷ་ས་ནས་ཁྲུང་ཆིང་། ལྷ་ས་ནས་ལན་ཀྲོའུ་དབར་སོགས་ཀྱི་མེ་འཁོར་གྱི་རྐུབ་སྟེགས་དཀྱུས་མའི་སྤ་སེ་1000སྟེར་བ་རེད།

    “ང་ཚོ་ཞིང་པ་ལས་མིར་མེ་འཁོར་སྤ་སེ་དང་། བག་སོབ། འཐུང་ཆུ་སོགས་མཁོ་འདོན་བྱས་པ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་སྦྲག་སྲིད་དང་དངུལ་རྩའི་ཞབས་འདེགས་ཀྱང་མཁོ་འདོན་བྱས་ནས། ལྷ་སར་ལས་ཀ་བྱེད་པར་ཡོང་མཁན་ལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་བརྩེ་སེམས་འདི་སྒུལ་ཤུགས་སུ་བསྒྱུར་ནས། མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་ལ་ནུས་ཤུགས་འདོན་རྒྱུ་ཡིན”ཞེས་སུན་ཅན་ཧུའེ་ཡིས་སེམས་འགུལ་ཐེབས་བཞིན་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་མེ་འཁོར་སྤ་སེ་སྤྲོད་པའི་སྤྱི་ཕན་བྱེད་སྒོར་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ་12ཚེས་31ཉིན་བར་ཡིན་ལ། མིག་སྔར་སྤ་སེ་མ་རེག་པའི་ཕྱི་ཕྱོགས་ཞིང་པ་ལས་མི་ཚོས་ལྗོངས་ནང་ཁུལ་གྱི་སྦྲག་སྲིད་ཀྱི་ཚབ་གཉེར་དངུལ་རྩའི་ལས་གཉེར་ཁང་79དང་ཡང་ན་ཁ་པར་བརྒྱུད་དེ་སྤ་སེ་མངགས་ཆོག་གི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།