དབུ་ཤོག>ཞིང་འབྲོག་གསར་པ།
  • དབང་པོ་ཉམས་ཀྱང་སེམས་མི་ཞུམ་། འཇོན་ཐང་ངོམས་ནས་དབུལ་ཞྭ་ཕུད་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-30

    571091_yis_1543297853975_s.jpg

    འདི་ནི་སྙིང་རུས་ཆེ་ཞིང་བསམ་བློ་འཇོག་མཁས་པའི་བསོད་ནམས(གཡོན་གྱི་དང་པོ)ཀྱིས་ནང་མི་མཉམ་དུ་ཞིང་ལས་བྱེད་བཞིན་པ།

    ཚ་བ་རོང་ཤང་སྲང་ཐ་གྲོང་ཚོར་མིང་ལ་བསོད་ནམས་ཟེར་བའི་མི་མང་པོ་ཡོད་པ་སྟེ། “མ་མཐའི་འཚོ་བའི་འགན་ལེན་ལེན་མཁན་བསོད་ནམས”དང་། “གྲོང་ཚོའི་སྨན་པ་བསོད་ནམས”“ནགས་ཚལ་བདག་སྐྱོང་བ་བསོད་ནམས” དེ་བཞིན་རྩོམ་འདིའི་ནང་གི་མི་སྣ་གཙོ་བོ་བསོད་ནམས་བཅས་ཡོད། མི་དེ་དག་དབྱེ་བ་འབྱེད་ཆེད། གྲོང་མིས་ཁོང་ཚོའི་མིང་གི་མདུན་དུ་སོ་སོའི་ཁྱད་ཆོས་མཚོན་པའི་མིང་རེ་བཏགས་ཡོད། དེ་རིང་བརྗོད་པའི་མི་དེ་ནི“སྐད་ཆ་ཤོད་མི་ཤེས་པའི་བསོད་ནམས”རེད།

    བསོད་ནམས་ཀྱི་ཁྱིམ་དུ་ཕྲུ་གུ་5ཡོད་ཅིང་། ཁོང་ནི་ཕྲུ་གུ་གཉིས་པ་དེ་རེད། ཁོང་གི་ཨ་ཅག་དང་གཅུང་མོ་གཉིས་པོ་ཡུལ་གཞན་དུ་མནའ་མར་སྟེར་ཟིན་པ་དང་གཅུང་པོ་རྒན་པ་ལེའོ་ཉིང་ཞིང་ཆེན་གྱི་སློབ་ཆེན་ཞིག་ཏུ་སློབ་གྲྭ་འགྲིམ་བཞིན་ཡོད། ད་དུང་གཅུང་པོ་ཆུང་བ་ཞིག་ཡོད་པ་དེ་རྫ་ཡུལ་རྫོང་གི་སློབ་འབྲིང་ཞིག་ཏུ་སློབ་གྲྭ་འགྲིམ་བཞིན་ཡོད། གཅུང་པོ་གཉིས་སློབ་གྲྭ་སྐྱོད་རིང་གི་ཟླ་རེའི་འཚོ་བའི་གྲོན་དངུལ་སྒོར་2000ལྷག་ཙམ་ཟིན་པ་དེ་ཞིང་པའི་ཁྱིམ་ཚང་ཞིག་གི་ངོས་ནས་བརྗོད་ན། ཁུར་པོ་ལྕི་པོ་ཞིག་རེད། དེས་མ་ཚད། ཁོང་གི་ཨ་མར་བརྒྱལ་གཟེར་ནད་ཕོག་པ་མ་ཟད། ན་ནིང་མངལ་སྐྲན་གཤགས་བཅོས་བྱས་པར་བརྟེན་ངལ་ནུས་གཞི་རྩའི་ཆ་ནས་མེད་པས་མཐར་ཁྱིམ་ཚང་་སྐྱོང་མཁན་ཕ་གཅིག་པོར་གྱུར། གནས་ཚུལ་འདི་དག་ལ་དམིགས་ནས་2016ལོར་བསོད་ནམས་ཀྱི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་རེད།

    བསོད་ནམས་ཀྱི་ཁྱིམ་ལ་དམིགས་བསལ་གནས་ཚུལ་ཡོད་སྟབས། སྲང་ཐ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་རུ་ཁག་བཅའ་སྡོད་བྱས་ཚུན། ཁོང་ལ་དམིགས་བསལ་གྱི་ལྟ་རྟོག་བྱེད་ཀྱི་ཡོད། བསོད་ནམས་ད་ལོ་ལོ་27ལ་སླེབས་ཤིང་། ཁོང་མཐོང་མ་ཐག་གྲུང་ཤ་དོད་པའི་ཚོར་སྣང་ཞིག་སྟེར་ཐུབ། གྲོང་མིས་བརྗོད་པར་གཞིགས་ན། བསོད་ནམས་དང་ཐོག་ཕྲུ་གུ་བདེ་མ་ཐང་མ་ཞིག་རེད། འོན་ཀྱང་ལོ་གཅིག་ལྷག་ཙམ་ལ་སླེབས་སྐབས་ནད་གཞི་ཆེན་པོ་ཞིག་ཕོག་ནས་རྣ་ཤེད་ཉམས་ཤིང་རིམ་བཞིན་ངག་ཀྱང་ཉམས་པར་གྱུར།

    བསོད་ནམས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིར་བཞག་པའི་བག་ཆགས་ཟབ་ཤོས་ནི་རྟག་ཏུ་འཕྱུར་བའི་འཛུམ་མདངས་དང་། གུས་ཞབས་ལྡན་པ། གཙང་སྦྲ་དོད་པ། གྲོང་མིས་ལག་བརྡ་བྱས་ཏེ་ཁོང་དང་སྤེལ་རེས་བྱེད་དགོས་ཀྱི་ཡོད། དེར་བརྟེན་རུ་མི་ཚོས་ཀྱང་ལག་བརྡ་བྱས་ཏེ་ཁོང་དང་སྤེལ་རེས་བྱེད། འོན་ཀྱང་རུ་མི་ཚོས་སྤྱོད་པའི་ལག་བརྡར་གཞི་འཛིན་ས་གང་ཡང་མེད། ཐ་ན་ལག་བརྡ་བྱེད་ཀྱིན་དུ་རང་ཉིད་ཀྱིས་གང་ཞིག་བརྗོད་ཀྱི་ཡོད་མེད་ཤོད་ཐབས་བྲལ། བསོད་ནམས་ཀྱིས་ཀྱང་ཁོང་ཚོས་གང་ཞིག་བརྗོད་པ་མི་ཤེས། དེ་ལྟར་ཡིན་ནའང་བསོད་ནམས་ཀྱིས་གུས་ཞབས་ལྡན་པའི་ངང་ལག་བརྡ་བྱས་ཏེ་གང་ནས་ཡོང་བ་དང་གང་དུ་འགྲོ་མཁན་ཡིན་པ་བརྗོད་ཀྱི་ཡོད།

    ཉིན་ཞིག་རུ་མི་ཞིག་གིས་བསོད་ནམས་ཀྱིས་རླངས་འཁོར་གཏོང་བ་མཐོང་། གནས་ཚུལ་དེར་རུ་མི་ཚོ་ཧང་སངས་པ་རེད། ཚང་མས་ཡིད་ཆེས་ལ་མ་ཆེས་ངང་འོན་ལྐུག་ཞིག་གིས་རླངས་འཁོར་ཇི་ལྟར་གཏོང་གི་ཡོད་དམ་ཞེས་ལན་སྐྱེལ་མཁན་དེར་བརྗོད། རུ་མི་ཚོས་དོགས་གཞི་སེལ་ཆེད། ཆེད་མངགས་གྲོང་ཚོའི་ལས་བྱེད་པར་སྐད་ཆ་དྲིས། གྲོང་ཚོའི་ལས་བྱེད་པ་དེས་བསོད་ནམས་ཀྱིས་དངོས་འབྲེལ་རླངས་འཁོར་གཏོང་ཤེས་ཀྱི་ཡོད། ལོ་གཉིས་གོང་། རྒྱལ་ཁབ་ཀྱི་སྨན་བཅོས་རོགས་སྐྱོབ་འོག་བསོད་ནམས་ལ་མིས་བཟོས་རྣ་འཁྱིལ་བཙུགས་པའི་གཤགས་བཅོས་བྱས། གཤགས་བཅོས་བྱས་རྗེས་བསོད་ནམས་ཀྱིས་སྐད་ཆ་གོ་ཐུབ་པར་གྱུར། བསོད་ནམས་ཀྱིས་རླངས་འཁོར་གཏོང་ཐུབ་ལ། ལག་རྩལ་ཡང་ཧ་ཅང་ཡག་པོ་ཡོད་ཅེས་བཤད་བྱུང་།

    བསོད་ནམས་ཀྱིས་རླངས་འཁོར་གཏོང་ཤེས་པའི་སྐོར་བརྗོད་ན། ད་དུང་ལོ་ཤས་གོང་ནས་བརྗོད་དགོས། སྐབས་དེ་དུས་བསོད་ནམས་ཀྱིས་གྲོང་ཚོའི་གྲོགས་པོ་གཞན་དག་ཨར་ལས་བྱ་ཡུལ་དུ་ས་རྡོ་དབོར་ནས་ཡོང་འབབ་གསོག་པ་མཐོང་རྗེས། ཁོང་ལ་རླངས་འཁོར་གཏོང་སྟངས་སྦྱོང་བའི་བསམ་ཚུལ་བྱུང་བ་རེད། དེ་རྗེས་ཁོང་གིས་ཕར་རླངས་འཁོར་རྙིང་པ་ཞིག་ཉོས་ནས་ཨར་ལས་བྱ་ཡུལ་དུ་ས་རྡོ་དབོར་ཏེ་སྔ་ཙམ་ཁྱིམ་ཚང་གི་དབུལ་ཞྭ་ཕུད་ཐུབ་པའི་རེ་བ་བཅངས་ལུགས་བརྗོད། ཕས་བསོད་ནམས་ཀྱི་བསམ་ཚུལ་ཉན་རྗེས་གནས་ལུགས་ཡོད་པ་ཤེས་འཕྲལ་དངུལ་གཡར་ནས་ཟོག་འདྲེན་རླངས་འཁོར་རྙིང་པ་ཞིག་ཉོས། དེ་ནས་བསོད་ནམས་ཀྱིས་ཨར་ལས་བྱ་ཡུལ་དུ་བྱེ་རྡོ་དབོར་ནས་སྐྱེལ་འདྲེན་ལས་ལ་གཞོལ་འགོ་བརྩམས། བསོད་ནམས་ཀྱིས་རླངས་འཁོར་བཏང་ནས་ཉིན་ཤས་མ་སོང་བར་གྲོང་མིས་དུས་རྒྱུན་དང་མི་འདྲ་བའི་ལྟ་སྟངས་འཛིན་པ་དང་གྲོང་མི་འགའ་ཞིག་གིས་ད་དུང་རྒྱབ་བཤད་རྒྱག་གི་ཡོད། འོན་ཀྱང་བསོད་ནམས་ཀྱིས་གནས་ཚུལ་དེ་སེམས་ལ་མ་བཞག་པར་ཡོང་འབབ་གསོག་པའི་ཐད་སེམས་རྩེ་གཅིག་ཏུ་བཞག

    ཁྱིམ་དུ་ཟོག་འདྲེན་རླངས་འཁོར་ཉོས་པ་ནས་བཟུང་། བསོད་ནམས་ཀྱིས་རྟག་ཏུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཨར་ལས་བྱ་ཡུལ་དུ་ཨང་དང་པོར་ཡོང་བ་དང་མཇུག་ཤོས་སུ་ལོག ཁོང་གི་རླངས་འཁོར་དེ་རྙིང་པ་ཡིན་པས་རྟག་ཏུ་སྐྱོན་སྣ་ཚོགས་ཐོན་གྱི་ཡོད། ཁོང་གིས་ཉམས་བཟོའི་དངུལ་གྲོན་ཆུང་བྱ་ཆེད། རང་ཉིད་ཀྱིས་བཟོ་གང་ཐུབ་བྱེད་ཀྱི་ཡོད་པས་ཉི་མ་བཞུད་ཀྱང་བསོད་ནམས་ཀྱིས་གཙིགས་ཆེན་དུ་འཛིན་པའི་རླངས་འཁོར་དེ་ཉམས་བཟོ་བྱེད་བཞིན་པའི་རྣམ་པ་གྲོང་མི་དང་ལས་དོན་རུ་མི་མང་པོས་མཐོང་མྱོང་ཡོད།

    བསོད་ནམས་ནི་ཕ་མར་བསྙེན་བཀུར་ཟབ་པའི་ཕྲུ་གུ་ཞིག་རེད། ཕ་མས་དཀའ་ལས་བརྒྱབ་པ་དག་ཁོང་གིས་སེམས་ལ་བརྟན་པོར་ངེས་ཡོད། བསོད་ནམས་ཀྱི་ཕ་ཨར་ལས་བྱ་ཡུལ་དུ་ལས་ཀ་བྱེད་ཀྱི་ཡོད་པས་བསོད་ནམས་ཀྱིས་ཁོམ་པ་བྱུང་མ་ཐག་རྟག་ཏུ་རོགས་པ་བྱེད་པར་འགྲོ་གི་ཡོད། གཟུགས་པོ་རིད་ལ་ཤེད་ཤུགས་ཆེན་པོ་མེད་པའི་བསོད་ནམས་ཀྱིས་ཨར་སྐྲུན་རྡོ་ལེབ་འདེགས་དུས་གཟུགས་པོར་འདར་སིག་རྒྱག་པ་དང་དཔྲལ་བ་ནས་རྔུལ་ཆུ་ཁྲུམ་ཁྲུམ་དུ་འཛག་ཀྱང་ཨམ་གཙིགས་སྡོམ་བཞིན་དུ་ཕར་གྱང་རྩིག་རོགས་བྱེད་ཀྱི་ཡོད།

    ཁོང་གི་ངོས་ནས་བརྗོད་ན། འཚོ་བ་ནི་དཀའ་སྡུག་ཆེན་པོ་ཞིག་ཡིན་ལ། ལས་དབང་གིས་ཁོང་ལའང་དྲང་པོ་བྱས་མེད། འོན་ཀྱང་རྒྱུས་མངའ་ཡོད་པའི་གྲོང་མི་དང་ལས་དོན་རུ་ཁག་གི་རུ་མི་ཚོས་བསོད་ནམས་ནི་སྙིང་རུས་ཆེ་ཞིང་བསམ་བློ་འཇོག་མཁས་པའི་མི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

    ཏང་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་འོག་བསོད་ནམས་དང་ཁོང་གི་ཕས་འབད་འཐབ་བྱས་པ་བརྒྱུད། བསོད་ནམས་ཀྱི་ཁྱིམ་ཚང་2017ལོར་གཟི་བརྗིད་ལྡན་པའི་ངང་དབུལ་སྒྲོལ་ཐུབ། ཁོང་གིས་དཀའ་སྡུག་མི་ཉུང་བ་ཞིག་མྱངས་ཡོད་ཀྱང་། ནང་མི་ཚང་མས་རྒྱལ་ཁབ་ཀྱི་སྐྱོབ་གསོ་ཁོ་ནར་མི་བརྟེན་པར་རང་འགུལ་ངང་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པར་བྱས་ཡོད། འོན་ལྐུག་ཞིག་གིས་དེ་ལྟར་བྱེད་ཐུབ་པ་དེས་གྲོང་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད། བསོད་ནམས་དབུལ་སྒྲོལ་ཐུབ་པ་དེས་གྲོང་ཚོའི་གྲོང་མིར་ངར་ཤུགས་བྱིན་པ་དང་ཆབས་ཅིག་གྲོང་ཚོའིདུད་ཚང་དབུལ་པོའི་དབུལ་སྒྲོལ་གྱི་ཆོད་སེམས་ཀྱང་བརྟན་དུ་ཕྱིན་ནས་ཚང་མས་བསོད་ནམས་ལ་སློབ་སྦྱོང་བྱས་ཏེ་སྲང་ཐ་གྲོང་ཚོ་ཡོངས་ད་ལོ་དབུལ་སྒྲོལ་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།