དབུ་ཤོག>ཞིང་འབྲོག་གསར་པ།
  • ​སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-28

    567393_yis_1542175492875_b.jpg

    འདི་ནི་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་དུ་ཞིང་པ་ཚོས་ལོ་ཏོག་བསྡུ་བཞིན་པ།

    ལོ་40རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་འགོ་འཛུགས་ས་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་འཇུག་གཞི། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་རྒྱུན་མཐུད་ངང་མང་དུ་གཏོང་རྒྱུ་དོན་ལ་འབབ་ས་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་གཏོང་དང་། འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ། ཞིང་འབྲོག་ལས་བརྟན་ཐོག་ལེགས་འཕེལ་དང་བརྟན་ཐོག་ཡར་བརྩོན་ཡོང་བ་བཅས་བྱས་པས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི“བརྟན་བྱེད་ཡོ་ཆས”སུ་གྱུར་ནས་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་རྩ་བའི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།

    ཞིང་ལས་ལ་མཐོང་ཆེན་གྱིས་དཔལ་འབྱོར་གྲུབ་ཆ་ལེགས་སུ་བཏང་བ།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཞིང་འབྲོག་པའི་ཁྱད་ལྡན་ཐོན་ལས་དང་ནས་ཐོན་སྐྱེད་རྟེན་གཞི་སོགས་ཀྱི་རྣམ་གྲངས་481དོན་འཁྱོལ་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་27.5བཏང་ཡོད།

    2018ལོར་ནས་ཀྱི་སོན་བཟང“ཧི་མ་ལ་ཡ་ཨང་22”མུའུ་ཁྲི་60དང“བོད་ནས་ཨང་2000”མུའུ་ཁྲི་17.5ཁྱབ་གདལ་བཏང་བས་ནས་ཀྱི་སོན་བཟང་ཁྱབ་ཚད་92%ཡན་ཟིན་ཡོད་པ་རེད།

    བསམ་ཕྱོགས་གསར་པ་བཏོད་པ་དང་། གོམས་སྲོལ་རྙིང་པ་དོར་བ། རྣམ་པ་གསར་གཏོད་བྱས་པ་སོགས་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་ལས་ལ་མཐོང་ཆེན་དང་དེ་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།

    སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཞིང་སྟོབས་ཞིང་ཕན་ཡོང་བར་བྱས་པ། ཞིང་སྟོབས་ཞིང་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དེའི་ནང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་དང་ལྷག་པར་དུ“ཡུན་རིང་མི་འགྱུར་བ་གསུམ”རྒྱུན་འཁྱོངས་བྱ་རྒྱུ་ཡང་ཚུད་ཡོད།

    མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འགན་ལེན་མཁོ་འདོན་བྱས་པ། མི་རྒྱུ་དངོས་རྩལ་བཅས་བཞིའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད། དཔེར་ན། ལག་རྩལ་ཐད་གྲོང་ཁྱེར་ཞིང་ལས་ཚན་རིག་སུའོ་ཡིས་གཙོ་བོར་བྱས་པའི་ཚན་ཞིབ་ཚན་པས“ཧི་མ་ལ་ཡ་ཨང་22”ཀྱི་ནས་དང་། “ཨེ་མ་སྒང་གི་ཞོག་ཁོག་ཨང་1” “མྱང་ཆུ་ཨང་18”པའི་པད་ཁ་སོགས་ཞིང་ལས་སྐྱེ་དངོས་སོན་བཟང་འདེབས་གསོ་བྱས་པ་དང་ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་43%ཟིན་ཡོད་པ་རེད།

    ཚོད་ལྟའི་རྟེན་གཞི་བསྐྲུན་ནས་གནས་ཀྱིས་ཁྱོན་ཁྲིད་པ། དཔེར་ན། འབྲུ་རིགས་ཀྱི་ཚད་གཞི་ཅན་གི་ཐོན་སྐྱེད་དང་ལྗང་མདོག་གི་ཐོན་མཐོ་དང་ནུས་ཆེའི་གསར་གཏོད་དཔེ་སྟོན་ས་ཚིགས་བསྐྲུན་པ་དང“མུའུ་སྟོང་དང་རྒྱ་མ་སྟོང”དང“མུའུ་བརྒྱ་དང་རྒྱ་མ་སྟོང”གི་ནས་ཀྱི་ཐོན་མཐོའི་འདེབས་གསོའི་དཔེ་སྟོན་ཞིང་ཁ་སོགས་བསྐྲུན་ནས་ཚོད་ལྟའི་དཔེ་སྟོན་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱས་ཡོད་པ་རེད།

    སྒྱུར་བཅོས་ཟབ་ཏུ་བཏང་ནས་སྒུལ་ཤུགས་འཕེལ་བར་བྱས་པ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་རྐང་དེར་དམ་པོར་དམིགས་ནས་གཞི་རྩའི་རྩྭ་ཐང་འཆར་འགོད་དང་། ས་ཆ(རྩྭ་ར)བརྒྱུད་བཤུག གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་། གྲོང་གསེབ་ཀྱི་འགན་གཙང་ས་ཆའི་བདག་དབང་གཏན་འཁེལ་སོགས་ཀྱི་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཞིང་འབྲོག་ཁུལ་དུ་བསགས་པའི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།

    ཁྱད་ལྡན་ལ་གཟིགས་སྐྱོང་གིས་མཁོ་སྤྲོད་ནུས་པ་སྟོབས་ཆེར་བཏང་བ།

    ནས་ཀྱི་ཐོན་འབབ་ཏུན་ཁྲི་40དང་། པད་ཁའི་ཐོན་འབབ་ཏུན་ཁྲི་3 སྔོ་ཚལ་ཐོན་འབབ་ཏུན་ཁྲི་36.5 གཟན་རྩྭའི་ཐོན་འབབ་ཏུན་ཁྲི་25 ལག་ཡོད་ཕྱུགས་གྲངས་ཁྲི་466བཅས་ཟིན་པ་དང་ཤ་དང་། དཀར་ཆུ། སྒོ་ང་གསུམ་གྱི་ཐོན་འབབ་ཏུན་ཁྲི་4.8དང་། ཏུན་ཁྲི་11.2 ཏུན་1600བཅས་སོ་སོར་ཟིན་ཡོད། 2018ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཀྱི་གང་སར་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

    ལོ་40རིང་། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཀྱི་གྲུབ་ཆ་དེ་བས་ལེགས་པ། གསོན་ཤུགས་དེ་བས་ཆེ་བ་བཅས་བྱུང་བ་དང་དེའི་རྒྱུ་རྐྱེན་གཙོ་བོ་ནི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་དེང་རབས་ཅན་གྱིས་ཆུ་ཚད་ཇེ་མཐོར་སོང་བས་ཡིན།

    ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་རྟེན་གཞི་བསྐྲུན་པ། མིག་སྔར་སྤུས་ལེགས་ཀྱི་འབྲུ་སྣུམ་དང་། སྔོ་ཚལ། ཞོག་ཁོག བལ་འཇམ་ལུག(སྒམ་པའི་ལུག) བཞོན་མ། ཁུ་ལྡན་ར། བོད་བྱ། ནགས་ཁྲོད་ཐོན་ཁུངས། གྲོ་མོའི་ཉ། རྒྱལ་རྩེའི་སྒོག་པ་སོགས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རྟེན་གཞི་ཆེན་པོ་བཅུ་ཆགས་ནས་ཞིང་འབྲོག་ཐོན་ཟོག་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་85%ཡན་ཟིན་ཡོད་པ་རེད།

    པ་སྣམ་རྫོང་གི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་དང་། རྒྱལ་རྩེ་རྫོང་གི“རོང་ས་དམར་མོ”དེང་རབས་ཞིང་ལས་དཔེ་སྟོན་ཁུལ་སོགས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལ་དམིགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་དང་། དེང་རབས་ཞིང་ལས་ཀྱི་ནས་ཐོན་སྐྱེད་རྟེན་གཞི། མི་ཐབས་ཀྱི་གཟན་རྩྭ་འདེབས་ས། མཐོ་གྲང་འབྲོག་ཁུལ་གྱི་ཕྱུགས་ཚང་། ཞིང་ལས་ཚན་རྩལ་ཁྱབ་གདལ་མ་ལག འབྲོག་པ་གཞིས་ཆགས། རྩྭ་ཐང་ལྟ་སྡོམ་མ་ལག སོན་བཟང་འདུ་འགོད། སྐྱེ་དངོས་སྲུང་སྐྱོང་འདུ་འགོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་དང་ལག་བསྟར་བྱས་པས་ཞིང་འབྲོག་ལས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་ཆེན་པོ་ཕྱིན་ཡོད་པ་རེད།

    གོ་སྐབས་དམ་འཛིན་གྱིས་འོད་སྟོང་འཕྲོ་བའི་བྱས་རྗེས་བསྐྱར་དུ་བཏོད་པ།

    ཡོང་འབབ་འཕར་བ་དང་། བདེ་འཇགས་ལ་སྲུང་སྐྱོང་། སྒྱུར་བཅོས་ཟབ་གཏོང་། དཔུང་ཁག་འཛུགས་སྐྱོང་སོགས་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།

    ཐོན་ནུས་རྒྱ་ཆེར་བཏང་བ། ཏུན་ཁྲི་བརྒྱ་ལྷག་གི་ནས་ཀྱི་ཐོན་འཕར་རྒྱུན་མཐུད་ངང་སྤེལ་བ་དང་། མུའུ་ཁྲི་བརྒྱ་ལྷག་གི་མི་ཐབས་རྩྭ་འདེབས་བྱ་རྒྱུར་དམིགས་ནས་རྣམ་གླིང་རྫོང་གིས་ལྟེ་བ་དང་ཁང་དམར་རྫོང་དང་གཉའ་ནང་རྫོང་གིས་ཕལ་པར་བྱེད་པའི“མུའུ་ཁྲི་བརྒྱ་ལྷག་གི་མི་ཐབས་རྩྭ་འདེབས་རྟེན་གཞི”བསྐྲུན་པ། ཏུན་ཁྲི་བརྒྱ་ལྷག་གི་སྔོ་ཚལ་ལ་དམིགས་ནས་པ་སྣམ་དང་ལྷ་རྩེའི་ལྟེ་བའི་ཐོན་སྐྱེད་ཁུལ་གཙོ་གནད་ཐོག་བསྐྲུན་པ། བོད་བྱ་ཁྲི་བརྒྱ་ལྷག་ལ་དམིགས་ནས་བཞད་མཐོང་སྨོན་དང་། ས་སྐྱ། བསམ་གྲུབ་རྩེ། རྣམ་གླིང་བཅས་རྫོང(ཆུས)བཞིའི་བོད་བྱ་གསོ་ཚགས་རྟེན་གཞི་བསྐྲུན་ནས་ཞིང་འབྲོག་ཐོན་རྫས་མཁོ་སྤྲོད་ནུས་ལྡན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་པ་རེད།

    ཚན་རྩལ་སྟོབས་ཆེར་བཏང་བ། ནས་ཀྱི་བདེ་འཇགས་འགན་ལེན་དང་ཞིང་འབྲོག་ཐོན་ཟོག་གཙོ་བོ་མཁོ་སྤྲོད་ནུས་ལྡན་བྱ་རྒྱུ་གཙོ་བོར་བྱས་ཏེ་ཚན་ཞིབ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ལ་ཁྱབ་པའི་དེང་རབས་ཞིང་ལས་ཆ་འཕྲིན་ཅན་གྱི་དྲ་རྒྱའི་ཞབས་ཞུའི་ལས་སྟེགས་བསྐྲུན་ཡོད་པ་རེད།

    གཉེར་སྐྱོང་སྟོབས་ཆེར་བཏང་བ། སྐྱེ་ལྡན་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་སྐྱེ་ལྡན་ཐོན་སྐྱེད་འཁོར་རྒྱུག་མ་ལག་བསྐྲུན་ནས་གཙོ་བོ་ཇོ་རིའི་འདེགས་གསོ་རྟེན་གཞི་དང་། ལས་སྣོན་ཟོག་འགྲེམས་རྟེན་གཞི། འཁོར་རྒྱུག་དང་མཉམ་འདྲེས། ཁྲོམ་རའི་སྤུས་རྟགས། ཚན་རྩལ་འདེགས་སྐྱོར་བཅས་ཁྱབ་ཁོངས་ཆེན་པོ་ལྔ་བསྐྲུན་ཡོད་པ་རེད།

    གླིང་ཁུལ་བསྐྲུན་པ། ལ་ལྷོ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཤང་ཤིས་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་པ་སྣམ་རྫོང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དང་འབྲོང་པ་རྫོང་རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བས་སྐྱེ་ལྡན་ཞིང་འབྲོག་ཐོན་ཟོག་གི་དཔེ་སྟོན་རྟེན་གཞི་ཧུར་ཐག་བསྐྲུན་ཡོད་ལ་གླིང་ཁུལ་དུ་ནུས་པ་མང་པོ་གཞི་གཅིག་ཏུ་བསྡུ་ཐུབ་པ་ཡང་བྱུང་ཡོད།

    དེ་བས་ལྗང་མདོག་ཡོང་བར་བྱས་པ། ཞིང་འབྲོག་ཐོན་ཟོག་གི་ས་རྒྱུའི་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་དང་རྫས་ལུད་དང་ཞིང་སྨན་སོགས་རྒྱག་ཤུགས་ཆུང་དུ་གཏོང་བའི་བྱ་སྤྱོད་སྤེལ་ནས་ཞིང་འབྲོག་ལས་ཀྱི་གམ་གཙང་ཐོན་སྐྱེད་འདུ་འགོད་ལ་སྐུལ་འདེད་བཏང་བས་སྐྱེ་ལྡན་ལུད་ཀྱི་ཁྱབ་གདལ་གཏོང་ཚད་དང་སྤྱོད་ཚད་ཆེ་རུ་ཕྱིན་ཡོད་པ་རེད།

    སླད་ཕྱིན་ལོ་ཟླར་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲོད་འོག་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཀྱི་རྣམ་པ་བརྟན་པོའི་འཕེལ་རྒྱས་འགྲོ་ངེས་རེད།

    567392_yis_1542175492313_b.jpg

    འདི་ནི་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་མར་དབྱེར་གྲོང་ཚོའི་གྲོང་མིས་སྟོན་བསྡུའི་ལས་ལ་བྲེལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།