དབུ་ཤོག>ཞིང་འབྲོག་གསར་པ།
  • གཞིས་རྩེས“བུད་མེད་དབུལ་སྒྲོལ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-24

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས《“བུད་མེད་དབུལ་སྒྲོལ་བྱ་སྤྱོད”སྤེལ་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཇུས་གཞི》སོགས་ཀྱི་སྲིད་ཇུས་བཟོས་ནས། བུད་མེད་དབུལ་པོས་ཏང་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་ཤེས་རྟོགས་བྱ་རྒྱུར་རོགས་རམ་བྱས་པ་དང་། བུད་མེད་དབུལ་པོར“གདེང་ཚོད་བཞིའི”སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་གྱིས་བུད་མེད་དབུལ་པོ་དབུལ་སྒྲོལ་འགག་སྒྲོལ་དང་ཕྱུག་འགྱུར་འཕེལ་རྒྱས་བཅས་ལ་ཞུགས་པའི་ནང་གནས་སྒུལ་ཤུགས་འཕེལ་བ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དེ་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་འདེབས་འཛུགས་ལས་རིགས་དང་། འཐག་བསླས། བཟའ་འཐུང་སོགས་ཀྱི་རྩལ་ནུས་གསོ་སྦྱོང་དུས་ཐེངས་69བྱས་པ་དང་། བུད་མེད་3904གསོ་སྦྱོང་ནང་ཞུགས་པ། དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་བུད་མེད་དབུལ་པོ་762ཟིན་ཞིང་། བུད་མེད་མཉམ་ལས་རྩ་འཛུགས་184བཙུགས་ནས་བུད་མེད་དབུལ་པོ་ལས་ཞུགས་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་ཡོད། དེ་དང་ཆབས་ཅིག་བུད་མེད་ཀྱི་གྲངས་ཉུང་ཁག་ཐེག་ནོར་སྲིད་ཀྱི་སྐྱེད་ཀའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་2012ལོར“བུད་མེད་ཀྱི་གྲངས་ཉུང་ཁག་ཐེག་གི་ནོར་སྲིད་སྐྱེད་ཀའི་དངུལ་བུན”གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། བུད་མེད་ཀྱི་ལས་གཏོད་ལས་ཞུགས་མ་དངུལ་གྱི་འཇུར་མིག་གནད་དོན་ཐག་གཅོད་བྱས་ཤིང་། དངུལ་རྩའི་རོགས་སྐྱོར་བརྒྱུད་མི་གཅིག་ལས་གཏོད་བྱས་ནས་དུད་ཚང་གཅིག་དབུལ་སྒྲོལ་ཐུབ་པ་བྱས་ཡོད། མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་བུད་མེད་ཀྱི་གྲངས་ཉུང་སྐྱེད་ཀའི་དངུལ་བུན་སྒོར་ཁྲི་1827བཏང་ནས་ལས་གཏོད་སྣེ་ཁྲིད་མཁན་བུད་མེད་121ལ་རོགས་སྐྱོར་བྱས་ཏེ། བུད་མེད་སྟོང་ཕྲག་ཐག་ཉེ་ས་ནས་ལས་ཞུགས་དང་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།