
ཉེ་ལམ་ལོ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བརྒྱུད་རིམ་ནང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་སྔོག་འདོན་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ། ལེགས་ཆ་ལྡན་པའི་ཐོན་ཁུངས་རྒྱུན་ཆད་མེད་པར་སྤྱོད་པ་དང་། “འབྲོག་པ་དང་མཉམ་ལས་ཁང་ཟུང་དུ་འབྲེལ་བ” ཐོན་སྐྱེད་རྒྱུ་ཆ་མ་རྐང་ནང་ཞུགས་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་འབྲེལ། ཐོན་ལས་ཅན་དང་ཚོང་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག རྒྱ་ཆེའི་མང་ཚོགས་དབུལ་པོར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱས་ཤིང་། འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་རིགས་ལག་ཤེས་འཁལ་འཐག་ཆེད་ལས་མཉམ་ལས་ཁང་དུ་ལས་བཟོས་སྣམ་བུ་འཐག་བཞིན་པ།