ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་རྒྱལ་ཁབ་ཚོང་དོན་མ་འཇོག་ཕྱོགས་བསྡུས་འགྲེམས་སྟོན(རྒྱལ་ཁབ་འགྲེམས་སྟོན)ཐོག་རྒྱལ་ཁབ་82དང་རྒྱལ་སྤྱིའི་རྩ་འཛུགས་3གྱིས་འགྲེམས་སྟེགས་71བཙུགས་ཡོད། དེའི་ཁྲོད་ཀྲུང་གོའི་འགྲེམས་ཁང་གིས“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་གཙོ་རྐང་དུ་བྱས་ནས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་གྲུབ་འབྲས་དང་ཀྲུང་གོའི་འཕེལ་རྒྱས་དང“རྒྱུད་གཅིག་ལམ་གཅིག”མཉམ་གཏོད་ལས་འཛམ་གླིང་ལ་གོ་སྐབས་གསར་པ་བྱིན་པ་མངོན་ཡོད།
འདི་ནི་འཇོར་ཇི་ཡའི་སྲིད་གཞུང་གི་འཐུས་མི་ཚོགས་པའི་ཁོངས་མིས་ཀྲུང་གོའི་འགྲེམས་ཁང་ནང་མྱུར་བགྲོད་ལྕགས་ལམ་གཏོང་སྟངས་མྱོང་རོལ་བྱེད་བཞིན་པ།
འདི་ནི་ཀྲུང་གོའི་འགྲེམས་ཁང་གི་ཟུར་ཞིག་ཡིན་པ།
འདི་ནི་པར་ཙིར་སྲིད་གཞུང་གི་འཐུས་མི་ཚོགས་པའི་ཁོངས་མིས་ཀྲུང་གོའི་འགྲེམས་ཁང་ནང་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་དཔེ་དབྱིབས་ལ་ལྟ་བཞིན་པ།