སྨན་གླིང་རྫོང་མཐོན་པ་གྲོང་ཚོར་ཀོང་བཙུན་དེ་མོའི་ཞིང་གྲོང་གནས་ཡོད་པ་དང་། ལོ་33ལ་སླེབས་པའི་མཐོན་པ་གྲོང་ཚོའི་གྲོང་མི་བདེ་སྐྱིད་དབང་མོ་ནི་ཀོང་བཙུན་དེ་མོའི་ཞིང་གྲོང་འཛུཌ་མཁན་ཞིག་རེད་ལ། ཉེ་རིང་གང་སར་སྐད་གྲཌ་ཆོད་པའི་གྲོང་གསེབ་ཀྱི་འཇོན་ཐང་ཅན་ཞིག་ཀྱང་རེད།
བདེ་སྐྱིད་དབང་མོ་ཆུང་ངུའི་དུས་སུ་ཁྱིམ་ཚང་གི་འཚོ་བ་སྐྱོ་པོ་ཡོད་ཅིང་། ལོ་14ལ་སླེབས་སྐབས། གྲོང་མི་ཚོའི་རོགས་རམ་འོག ཁོ་མོས་ཨ་མ་དང་མཉམ་དུ་ཁྱིམ་གྱི་གསོག་དངུལ་སྒོར་260སྤྱད་དེ། གྲོང་ཚོའི་ནང་གི་ཚོང་ཁང་ཆུང་ཆུང་དང་པོ་དེ་བཙུགས་པ་དང་འབྲེལ། རང་ཉིད་ཀྱིས་ཐོ་ཕྲུག་བཏང་ནས་གང་སར་ཚོང་ཟོག་འཐེན་པར་བསྐྱོད་པས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ཁྱིམ་ཚང་གི་འཚོ་བ་ཇེ་ཡག་ཏུ་འགྲོ་འགོ་ཚུགས།
ཡིན་ནའང་། བདེ་སྐྱིད་དབང་མོས་གྲོང་ཚོ་ཆུང་ཆུང་གི་སྤྱིར་བཏང་གི་འཚོ་བར་ཡིད་ཚིམ་ནས་མ་བསྡད་པར། ལོ་འགའ་སོང་རྗེས། ཁོ་མོས་གྲོང་ཁྱེར་ནང་གླ་པ་རྒྱུག་པར་བསྐྱོད་རྗེས་ཉིང་ཁྲི་གྲོང་ཁྱེར་ནང་ཇ་ཁང་ཞིག་བཙུགས་པས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།
2017ལོར། ཚོང་གཉེར་ལས་ལ་གཞོལ་ནས་ལོ་བཅུ་གྲངས་སོང་བའི་བདེ་སྐྱིད་དབང་མོ་ཕ་ཡུལ་དུ་ལོག་པ་དང་། ལོ་འགའི་གོང་སོ་སོའི་གྲོང་ཚོ་དང་བསྡུར་ཐབས་མེད་པའི་ཉེ་འཁོར་གྱི་གྲོང་ཚོས་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་ཡོད་པ་མཐོང་རྗེས། བདེ་སྐྱིད་དབང་མོར་གྲོང་ཚོའི་གནས་ཡུལ་རྙིང་པར་གྲོང་ཚོའི་མཉམ་སྡེབ་ཞིང་གྲོང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར། ཁོ་མོས་གྲོང་ཚོའི་ལས་བྱེད་པ་བཙལ་ནས་གཉེར་སྐྱོང་ཇུས་གཞི་བཟོ་རྒྱུའི་ཐད་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོས་ཞིབ་བྱས་པ་དང་། གྲོང་མིའི་ཚོགས་ཆེན་འཚོགས་ནས་བསམ་འཆར་བསྡུ་ལེན་བྱས་ཤིང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་བདེ་སྐྱིད་དབང་མོའི་བསམ་ཚུལ་དེ་གྲོང་ཚོ“ཨུ་ལྷན་གཉིས”དང་གྲོང་མིའི་རྒྱབ་སྐྱོར་འོག་རིམ་བཞིན་མངོན་འགྱུར་ཐུབ་ཡོད།
2017ལོའི་ལོ་མཇུག་ཏུ། གནད་སྨིན་དབུལ་སྐྱོར་དང་ཕད་གྲོང་རྡལ་གྱི“ཡུལ་སྐོར་ལ་བརྟེན་ནས་གྲོང་རྡལ་ཕྱུག་པོ་ཆགས་པའི”འཕེལ་རྒྱས་ཀྱི་འདུ་ཤེས་དང་ལེན་བྱ་ཆེད། བདེ་སྐྱིད་དབང་མོའི་གྲོས་འགོར་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་གྲོས་ཞིབ་བྱས་པ་དང་གྲོང་མིའི་ཚོགས་ཆེན་ཐོག་གྲོས་མོལ་བྱས་རྗེས། ཀོང་བཙུན་དེ་མོ་ཞིང་གྲོང་འཛུགས་རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས་པ་དང་། རྣམ་གྲངས་ལ་འཆར་གཞི་ལྟར་ན་མ་དངུལ་བསྡོམས་འབོར་སྒོར་ཁྲི་1500(དེའི་ནང་གྲོང་མིའི་མ་དངུལ་གྲབས་གསོག་དང་དངུལ་ཁང་གི་དངུལ་བུན་ཚུད)གཏོང་དགོས་པ་དང་། རྣམ་གྲངས་ཀྱི་འཆར་འགོད་ས་ཆ་མུའུ་30ལྷག་ཙམ་དགོས་པ་དེ་དག་ཚང་མ་མཉམ་སྡེབ་ཀྱི་ས་ཆ་རེད།
ཞིང་གྲོང་ལ“ཀྲི་པུའུ་དང་། འཇོན་ཐང་ཅན། དུད་ཚང་དབུལ་པོ། གྲོང་མི་བཅས་ཟུང་དུ་འབྲེལ་བའི”མ་རྐང་ལ་ཞུགས་པའི་བྱ་ཐབས་སྤྱད་དེ་གཉེར་སྐྱོང་བྱས་པ་དང་། དངུལ་ཁང་གི་དངུལ་བུན་གྱི་འགྲོ་ལུགས་གཉེར་བཞིན་ཡོད་པས་རྣམ་གྲངས་དེར་དངོས་སུ་མ་དངུལ་བསྡོམས་འབོར་སྒོར་ཁྲི་800བཏང་ཡོད་པའི་ཁྲོད་ནས་བདེ་སྐྱིད་དབང་མོ་མི་སྒེར་གྱིས་སྒོར་ཁྲི་240བཏང་བ་དེས་མ་རྐང་གི་30%བཟུང་བ་དང་། གྲོང་ཚོའི་མཉམ་སྡེབ་ཀྱིས་མ་དངུལ་སྒོར་ཁྲི་40བཏང་བ་དེས་མ་རྐང་གི་5%བཟུང་བ། མཐོན་པ་གྲོང་ཚོའི་གྲོང་མིས་མ་དངུལ་སྒོར་ཁྲི་520བཏང་བ་དེས་མ་རྐང་གི་65%བཟུང་ཡོད་པ་རེད། དེའི་ནང་། བདེ་སྐྱིད་དབང་མོས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་4མ་རྐང་ནང་ཞུགས་རྒྱུའི་སྣེ་ཁྲིད་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལྷག་མ་3དང་གྲོང་ཚོ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་གཞན་དག་ལ་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ནས། ལས་གནས་མི་འདྲ་བར་གཞིགས་ཏེ་ཟླ་རེར་གླ་ཆ་སྒོར་3000ནས་6000བར་སྤྲད་པས་གྲོང་ཚོ“ཨུ་ལྷན་གཉིས”དང་རྒྱ་ཆེའི་གྲོང་མི་ཚོའི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
ད་བར་ཀོང་བཙུན་དེ་མོའི་ཞིང་གྲོང་ལས་གཉེར་ཚོད་ལྟ་བྱས་ཚུན་ཁེ་སྤོགས་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད་པ་རེད།
ངལ་རྩོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་ཡིན་པའི་བདེ་སྐྱིད་དབང་མོས་ལས་གཏོད་ལམ་ལྷོངས་བྱུང་བ་ནི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་གསལ་པོ་ཤེས་ཤིང་། ཁོ་མོས“ངས་གྲོང་ཚོ་ཡོངས་ཀྱི་གྲོང་མི་དང་མཉམ་དུ་མཛེས་སྡུག་ལྷག་པར་ལྡན་པའི་སྣོད་བཅུད་ཁོར་ཡུག་དང་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོང་དང་བདེ་སྤྱོད་ཡག་པོ་བྱས་ཏེ། ང་ཚོ་མི་རབས་འདི་དང་། ང་ཚོའི་མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་ནས་གྲོང་མི་ཚོས་ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།