
གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཚུན། ལྷོ་རོང་རྫོང་གིས“ཐོན་སྐྱེད་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པའི”གོ་སྐབས་གལ་ཆེན་ལ་དམིགས་ནས་ལྷོ་རོང་རྫོང་ཁྱད་ལྡན་ཐོན་ཟོག་གསར་སྤེལ་ཀུང་སི་སྣེ་འདྲེན་ཁེ་ལས་སུ་བྱས་པའི་རྨང་གཞིའི་ཐོག་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་སྟོབས་ཤུགས་ཧྲིལ་པོ་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་པས། ལྷོ་རོང་རྫོང་གི་ཞིང་ལས་གཞི་ཁྱོན་ཅན་འདེབས་འཛུགས་དང་། ཞིང་ལས་ཐོན་ཟོག་ཐོན་ལས་ཅན་གཉེར་སྐྱོང་། ཐོན་ལས་འཁོར་སྦྲེལ་སྣུར་སྲིང་བཅས་འབྲེལ་ཡོད་ཐོན་ལས་དབར་གྱི་འབྲེལ་མཐུད་མཉམ་འདྲེས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་དཔེ་སྟོན་དང་སྐུལ་ཁྲིད་ནུས་པ་ཐོན་ཞིང་། འདི་ནི་ལྷོ་རོང་རྫོང་གི་ལྷོ་རྫོང་ཁྱད་ལྡན་ཐོན་ཟོག་གསར་སྤེལ་ཀུང་སིའི་ལས་བཟོས་ནས་ཀྱི་ཏན་ཞིམ་བཟོ་བཞིན་པ།