དབུ་ཤོག>ཞིང་འབྲོག་གསར་པ།
  • ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ལས་ལ་གཞོལ་བ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-21

    དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་དབུལ་སྒྲོལ་འགག་སྒྲོལ་གྱི་གལ་ཆེའི་ནང་གི་འགངས་ཆེ་དང་འགག་རྩའི་བྱེད་ཐབས་སུ་བརྩིས་ནས་ས་ཁོངས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འཚོལ་ཞིབ་ཧུར་ཐག་དང་། ལམ་སྲོལ་གསར་པ་གཏོད་པ། ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱིས་ཐག་ཉེ་ས་དང་། ཕ་ཡུལ་ནས་བྲལ་མི་དགོས་པ། སྒྲུབ་ནུས་པ་དང་སྒྲུབ་མཁས་པ་བཅས་ཀྱི་འདེབས་འཛུགས་ལས་སྣོན་ཐོན་ལས་གཙོ་གནད་འཕེལ་རྒྱས་བཏང་བས་མང་ཚོགས་དབུལ་པོའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད་ཅིང་།

    551089_yis_1537162074273_s.jpg

    དིང་རི་རྫོང་སྒང་དཀར་གྲོང་རྡལ་གྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བསྟན་འཛིན་དངོས་སྒྲུབ་ཀྱིས་2013ལོར་དབང་པོ་སྐྱོན་ཅན་གྱི་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་བཙུགས་པ་དང་། ཉེ་བའི་ལོ་ཤས་རིང་གནད་སྨིན་དབུལ་སྐྱོར་གྱི་ཕན་བདེའི་སྲིད་ཇུས་རབ་དང་རིམ་པས་མཉམ་ལས་ཁང་མགྱོགས་མྱུར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། ཐོན་རྫས་བྲིན་ལམ་རིམ་གྱིས་རྒྱ་ཆེར་ཕྱིན་ཏེ་རྫོང་དེའི་དབང་པོ་སྐྱོན་ཅན་སྔར་བས་མང་བ་ལས་ཞུགས་ཐུབ་པར་བྱས་ཤིང་། འདི་ནི་བསྟན་འཛིན་དངོས་སྒྲུབ་ཀྱིས་མཉམ་ལས་ཁང་གི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    551088_yis_1537162071901_s.jpg

    2017ལོར་གཉའ་ནང་རྫོང་གཉའ་ནང་གྲོང་རྡལ་རྒྱལ་མཁར་གྲོང་ཚོས་བོད་བཟོའི་ཁྱིམ་ཆས་བཟོ་གྲྭ་བཙུགས་པ་དང་ན་ནིང་ཐོན་རྫས་རིན་ཐང་སྒོར་ཁྲི་238ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་15ཡི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་ཤིང་། འདི་ནི་ལས་བཟོས་ཁྱིམ་ཆས་བཟོ་བཞིན་པ།

    ཉེ་ཆར་པ་སྣམ་རྫོང་གི་མུའུ་ཁྲི་ཡི་འདྲེ་ཚེར་མའི་སྣོད་བཅུད་ལྟ་སྐོར་ཐོན་ལས་གླིང་དུ་འདྲེ་ཚེར་མ་འཐུ་བའི་དུས་སུ་སླེབས་ཤིང་། ལོ་གཉིས་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། དེ་སྔའི་གྲམ་ཐང་ཤིང་འབྲས་གླིང་དུ་གྱུར་ནས་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་བརྟན་པོ་བྱུང་ཡོད།

    མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་209ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར་34.82བཏང་སྟེ་མི་ཁྲི་5.6ལ་ཕན་པ་ཐོབ་ཡོད།

    ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

    པ་སྣམ་རྫོང་ལྟེ་བར་བྱས་ནས་མུའུ་ཁྲི་ཡི་སྐྱེ་ལྡན་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས་བསམ་གྲུབ་རྩེ་ཆུས་དང་། རྒྱལ་རྩེ། ལྷ་རྩེ་སོགས་རྫོང་དང་ཆུས་སྣེ་ཁྲིད་བྱས་པ་དང་། བསམ་གྲུབ་རྩེ་ཆུས་དང་། རྣམ་གླིང་། རྒྱལ་རྩེ་བཅས་ལྟེ་བར་བྱས་ནས་མུའུ་ཁྲི་ཡི་སྡོང་ཕྲུག་རྟེན་གཞི་བསྐྲུན་པ། གམ་པ་རྫོང་ལྟེ་བར་བྱས་ནས་གཏིང་སྐྱེས་དང་། གྲོ་མོ། ས་སྐྱ། ཁང་དམར་སོགས་རྫོང་10སྣེ་ཁྲིད་བྱས་ཡོད་པ་རེད།

    “རྫོང་གཅིག་ལ་ལས་སྒོ་གཅིག”དང་། “ཤང་གཅིག་ལ་ཁྱད་ཆོས་གཅིག”“གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག”གི་གཞི་རྩའི་བསམ་ཕྱོགས་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་ཆེ་གྲས་བདུན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་སྐྱེ་ལྡན་འདེབས་གསོའི་ལས་སྣོན་ཐོན་ལས་དང་། ཁྱད་ལྡན་ཡུལ་སྐོར་ཐོན་ལས། རང་བྱུང་འཐུང་ཆུའི་ཐོན་ལས། ལྗང་མདོག་སྣོད་བཅུད་ཐོན་ལས། ཁྱད་ལྡན་ལག་ཤེས་ཐོན་ལས། ནུས་རྒྱུ་གཙང་མའི་ཐོན་ལས། ཨེ་ཤེ་ཡ་ལྷོ་མའི་ཟོག་འགྲེམས་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་2020ལོ་བར་དབུལ་སྒྲོལ་ཕྱུག་འགྱུར་ཐོན་ལས་རྣམ་གྲངས་231ལག་བསྟར་བྱེད་རྩིས་ཡོད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་50770ལ་ཕན་པ་ཐོབ་ཡོད། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་57ལག་བསྟར་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་17155ལ་ཕན་པ་ཐོབ་ཡོད།

    རྣམ་གྲངས་ཆེ་ཆུང་ཟུང་འབྲེལ་གྱིས་འཕེལ་རྒྱས་ལ་མཐའ་འཁྱོངས་བྱས་པ།

    པ་སྣམ་རྫོང་དུ་སྔོ་ཚལ་དྲོད་ཁང་5367ཡོད་པ་དང་དེར་ཞུགས་མཁན་ཞིང་དུད་3200ལྷག་ཙམ་ཡོད་པ་མ་ཟད། རྫོང་ཡོངས་ཀྱི་སྔོ་ཚལ་ཐོན་ཚད་རྒྱ་མ་ཁྲི་8000ཟིན་པ་དང་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་ལྷག་ཙམ་ཟིན་ནས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་2000མང་དུ་ཕྱིན་པ་དང་མི་1000ལྷག་ཙམ་གྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་རོཌ་རམ་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་བཏབ་པའི་ཕྱུགས་རྩྭ་མུའུ་ཁྲི་ཁ་ཤས་ད་ཆ་ས་གནས་དེ་གའི་ཞིང་འབྲོག་མང་ཚོཌ་ཀྱི“ཕྱུག་འགྱུར་རྩྭ་རར”གྱུར་ནས་མི་བརྒྱ་ལྷག་ཙམ་གྱི་ལས་ཞུགས་ལ་སྣེ་ཁྲིད་བྱས་པ་རེད།

    ཕྱོགས་གཅིག་ནས་ཐོན་ལས་ཆེན་པོ་བདུན་གཏོད་པའི་བླང་བྱ་གཞིར་བཟུང་། སྣེ་ཁྲིད་ཀྱི་གཞི་ཁྱོན་ཆེ་བ་དང་། མདུན་ལམ་བཟང་བ། གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཐོན་ལས་རྣམ་གྲངས་ཧུར་ཐག་བཏོད་ནས་གམ་པའི་ལུག་དང་། ཕྱུགས་རྩྭའི་ཐོན་ལས། ནས་ལས་སྣོན། མཐའ་མཚམས་ཚོང་དོན་ཟོག་འགྲེམས་སོགས་རྣམ་གྲངས་གལ་ཆེན་གཏན་འཁེལ་བྱས་པ་རེད། ཕྱོགས་གཞན་ཞིག་ནས་རྫོང་ཁག་གི་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་། “མྱུར་འགྲུབ་རྣམ་གྲངས”ཁག་གཅིག་གཏན་འཁེལ་བྱས་མོད། འོན་ཀྱང་ད་དུང་སྣེ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཆེ་ཆུང་ཟུང་འབྲེལ་གྱིས་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་རེད།

    སྲིད་ཇུས་ཡག་པོ་སྤྱད་ནས་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་པ།

    རིན་སྤུངས་རྫོང་ཁང་གཞུང་ཤང་བལ་འཇམ་འཁེལ་འཐག་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་གྲོང་ཁྱེར་ཇོ་མོ་གླང་མ་གསར་སྤེལ་ཀུང་སི་བརྒྱུད། མ་དངུལ་སྒོར་ཁྲི་1000བསྡུ་སྒྲིལ་བྱས་ནས་དེ་སྔའི་སྣོད་བཅུད་སྒྲིག་ཆས་རིམ་སྤོར་སྒྱུར་བཀོད་བྱས་ཏེ་མཉམ་ལས་ཁང་གི་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་རེད། རིམ་སྤོར་བྱས་པ་བརྒྱུད། མཉམ་ལས་ཁང་དེས་བཟོས་པའི་བལ་འཇམ་འཁེལ་འཐག་ཐོན་རྫས་དང་། བོད་ཆས། ཁ་གདན། བོད་བཟོའི་ལྟོ་ཕད་སོགས་གཞིས་རྩེ་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར་དེ་བཞིན་དྲ་ཐོག་བཅས་སུ་བཙོངས་པར་ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་235དང་ཁེ་གཙང་སྒོར་ཁྲི་135རག་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་20ཡི་མི་68དབུལ་སྒྲོལ་ཐུབ་ཡོད།

    2016ལོར་གྲོང་ཁྱེར་རིམ་པའི་ཞིང་འབྲེལ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་1.19བསྡུ་སྒྲིལ་བྱས་པ་དང་2017ལོར་གྲོང་ཁྱེར་རིམ་པའི་ཞིང་འབྲེལ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་1.5བསྡུ་སྒྲིལ་བྱས་ཏེ་དབུལ་ཞྭ་འབུད་རྩིས་ཡོད་པའི་རྫོང་གི་ཐོན་ལས་དབུལ་སྐྱོར་གསར་སྤེལ་ལ་གཙོ་གནད་རྒྱབ་སྐྱོར་བྱས་པ་རེད།

    མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་དངུལ་ཁང་གི་ཡིད་རྟོན་དངུལ་བུན་ཁག་94དང་ཡིད་རྟོན་དངུལ་བུན་མ་དངུལ་སྒོར་དུང་ཕྱུར་10.71དོན་འཁྱོལ་བྱས་པ་རེད།

    དེ་དང་དུས་མཚུངས“ཀུང་སི+རྟེན་གཞི+དུད་ཚང་དབུལ་པོ”དང“མཉམ་ལས་ཁང+རྟེན་གཞི+དུད་ཚང་དབུལ་པོ”སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་མ་རྐང་ལ་ཞུགས་ནས་ཁེ་འབབ་བགོ་བ་དང་ལས་ཀར་བསྡུ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་མང་ཚོགས་དབུལ་པོར་ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་དང་འབབ་འཕར་ཡོང་རྒྱུའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།