དབུ་ཤོག>ཞིང་འབྲོག་གསར་པ།
  • མཛོ་སྒང་རྫོང་ཞ་གླིང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་ཡོང་བར་བརྩོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-19

    ད་ཕན་ལོ་ཤས་རིང་། མཛོ་སྒང་རྫོང་ཞ་གླིང་ཤང་གིས“ཁྱད་ཆོས་མངོན་པ་དང་། ཚོང་ལམ་ལ་ཤུགས་སྣོན། གསར་སྤེལ་ལ་སྐུལ་འདེད། ཐོན་ལས་གྲོང་དར”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་ལེན་ཧུར་ཐག་བསྟར་ནས“ཏང་ཀྲི་པུའུ+མཉམ་ལས་ཁང+ཞིང་དུད+N”བཅས་ཀྱི་འཕེལ་རྒྱས་བྱེད་ཐབས་བཏོད་དེ་ཞ་གླིང་ཤང་ལ་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ་རེད།

    བྲིན་ཚོང་གི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་པས་བོད་སྒོང་དྲ་ཐོག་ཏུ་བྲིན་ཁ་རྒྱུག་པ། མཛོ་སྒང་རྫོང་གིས་མང་ཚོགས་ཀྱི་གསོ་ཚགས་གཞི་ཁྱོན་ཆེ་རུ་བཏང་ནས་བོད་སྒོང་བྲིན་ཚོང་ཚོགས་ཆུང་བཙུགས་པ་དང་ཆེད་མི་མངགས་ནས་བོད་སྒོང་ཚོང་བའི་འགན་འཁུར་དུ་བཅུག་པ་དང་འབྲེལ། ཞ་གླིང་ཤང་གི“ཞིང་ཁྱིམ་བོད་སྒོང”ཚོང་རྟགས་ཐོ་བཀོད་པ་དང“ཐོན་རྫས+དྲ་ཐོག་ཚོང་ཁང”གི་བྲིན་ཚོང་བྱེད་ཐབས་བརྒྱུད་བོད་སྒོང་ཐུམ་སྒྲིལ་བརྒྱབ་ནས་བཙོངས་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་དང་རྫོང་གི་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་མཐུན་སྦྱོར་བྱས་ནས་ཟོག་མཁོ་འདོན་གྱི་གྲོས་མཐུན་བཞག་པར་བརྟེན་བྱ་སྒོང་བྲིན་ཁ་རྒྱུག་པོ་བྱུང་ཡོད།

    མུའུ་སྟོང་གི་འདེབས་འཛུགས་གཞི་ཁྱོན་གསར་པ་བཏོད་ནས་དཔལ་འབྱོར་ནགས་གླིང་བསྐྲུན་པ། ཞ་གླིང་ཤང་གིས་གནམ་གཤིས་ཀྱི་ལེགས་ཆར་བརྟེན་ནས་མིག་སྔར་མུའུ་ཆིག་སྟོང་གི་སེ་འབྲུའི་རྟེན་གཞིའི་རྣམ་གྲངས་ཀྱི་ས་ཆ་འཁོད་སྙོམས་ལས་དོན་ལེགས་གྲུབ་བྱས་ནས་སེ་འབྲུའི་ལྗང་པ་རྐང་5000སྐྱེད་སྲིང་བྱས་པ་དང་ཆབས་ཅིག གོམ་སྟབས་བརྟན་པོས་གུག་པ་གྲོང་ཚོ་དང་རྒྱ་པ་གྲོང་ཚོར་ས་རྒོད་མུའུ་80གསར་སྦོལ་བྱས་ཏེ་སྟར་ཁ་དང་། སེ་འབྲུ། ཚ་ལུ་མ་བཅས་བཏབ་པས་སྐྱེ་འཚར་བཟང་པོ་ཡོད་པ་རེད། མུའུ་ཆིག་སྟོང་གི་སེ་འབྲུའི་རྟེན་གཞི་བསྐྲུན་རྗེས་ཤང་དེ་ཡོངས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་དཔལ་འབྱོར་ཡོང་འབབ་བྱུང་གནས་སུ་གྱུར་ཡོད།

    ངལ་ནུས་ཕྱིར་གཏོང་གི་ཐབས་ལམ་གསར་པ་མང་དུ་བཏང་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་པར་བྱས་པ། སློབ་གྲྭ་དང་དངུལ་ཁང་སོགས་ལས་གྲྭ་བསྐྲུན་པའི་གོ་སྐབས་དམ་འཛིན་བྱས་ཏེ་ཤུག་རི་གྲོང་ཚོའི་སོ་ཕག་བཟོ་གྲྭའི་ཐོན་སྐྱེད་བྱེད་ཐབས་སྒྱུར་བར་བརྟེན་གཏན་འཇགས་ངལ་རྩོལ་གྲོང་ཚོ་དེ་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་དུད་ཚང་ལ་སྣུར་སྲིང་ཐུབ་པ་དང་དུད་ཚང་དབུལ་པོ་50ཡི་ངལ་རྩོལ་ནུས་ཤུགས་རེས་སྐོར་བརྒྱབ་ནས་ངལ་རྩོལ་ཐོན་སྐྱེད་ལ་ཞུགས་པ་རེད། འདི་ལོའི་ལོ་སྟོད་དུ་ཤུག་རི་གྲོང་ཚོའི་སོ་ཕག་བཟོ་གྲྭའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་9ཟིན་པ་དང་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་དབུལ་པོར་ལས་ཀ་རག་ནས་ཆ་སྙོམས་དུད་ཚང་རེའི་གྲོང་མིར་ཡོང་འབབ་སྒོར་900བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།