དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་གཞིས་རྩེར་ཞོག་ཁོག་ལ་ཐོན་འབབ་ཡག་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-09-08

    548087_yis_1536292955458_s.jpg

    ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གི་ས་ཞིང་མུའུ་6000ལྷག་ཙམ་ལ་ཞོག་ཁོག་བཏབ་པར་ཐོན་འབབ་ཡག་པོ་བྱུང་བ་རེད། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་རྒྱབ་སྐྱོར་འོག་གདོང་དཀར་ཤང་གིས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཤང་ཡོངས་ཀྱི་དུད་ཚང་280ཡི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་1048མཉམ་ལས་ཁང་གི་ཁོངས་མིར་བཅུག་པ་དང་དེ་རྗེས“གདོང་དཀར་ཞོག་ཁོག”ཅེས་པའི་ཚོང་རྟགས་ཐོ་བཀོད་བྱས་ཏེ་སྐྱེ་ལྡན་ཞོག་ཁོག་འདེབས་འཛུགས་ཁྱབ་གདལ་བཏང་ནས་མང་ཚོགས་གནད་སྨིན་དབུལ་སྒྲོལ་ཡོང་རྒྱུར་སྣེ་ཁྲིད་བྱས་པ་རེད། འདི་ནི་ཟླ་9ཚེས་4ཉིན་གདོང་དཀར་ཤང་བྱེ་མ་མདངས་ཆེན་དེང་རབས་ཞིང་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་ཞོག་ཁོག་སྒྲུག་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།