དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་གྱིས“ཞིང་པའི་སྡོད་ཁང་གསར་པ་ཉོ་སྐྲུན་གྱི་དངུལ་བུན”ཚོད་གཏོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-01

     ཉེ་ཆར། གསར་འགོད་པར་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་གསལ། ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དང་ལྷ་ས་གྲོང་ཁྱེར་མ་འཇོག་ཀུང་སིས“ཞིང་པའི་སྡོད་ཁང་གསར་པ་ཉོ་སྐྲུན་གྱི་དངུལ་བུན”གྱི་གྲོས་མཐུན་བཞག་ཅིང་གྲོས་མཐུན་དངུལ་འབོར་སྒོར་ཁྲི་9000ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ལྷ་ས་གྲོང་ཁྱེར་མ་འཇོག་ཀུང་སིས་ལག་བསྟར་བྱས་པའི་ཞིང་འབྲོག་པའི་གཅིག་སྡུད་བཀོད་སྒྲིག་ཁང་པའི་རྣམ་གྲངས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་532648.39ཟིན་པ་དེ་དུད་ཚང་5354ལ་འབྲེལ་བ་ཡོད་པ་རེད། “ཞིང་པའི་སྡོད་ཁང་གསར་པ་་ཉོ་སྐྲུན་གྱི་དངུལ་བུན”སྤྲད་པ་ལས་རྣམ་གྲངས་ནང་ཞུགས་མཁན་ཞིང་འབྲོག་པ་ཚོར་བཀོད་སྒྲིག་ཁང་པ་ཉོ་སྐྲུན་ཆེད་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་དང་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། མིག་སྔར། ལྷ་ས་གྲོང་ཁྱེར་མ་འཇོག་ཀུང་སིས་ཏུང་ཧྲི་ལྷན་ཚོགས་ཀྱི་ཁག་ཐེག་གྲོས་ཆོད་དང་ཁག་ཐེག་ཡི་གེ་བཏོན་ནས། ཞིང་འབྲོག་པའི་ཁང་པ་ཉོ་སྐྲུན་གྱི་དངུལ་བུན་ལ་དུས་མཚམས་རང་བཞིན་གྱི་འགན་ལེན་དང་ཁག་ཐེག་མཁོ་འདོན་བྱས་པ་མ་ཟད། ད་དུང་ཞིང་ལས་དངུལ་ཁང་ཁྲེང་ཀོན་ཆུས་ཉིང་ལག་དངུལ་ཁང་དུ་ཞིང་འབྲོག་པའི་ཁང་པ་ཉོ་སྐྲུན་གྱི་དངུལ་བུན་གྱི་ཁག་ཐེག་དངུལ་གྱི་རྩིས་ཐོ་ཡང་གཉེར་ནས་ཁག་ཐེག་དངུལ་སྒོར་ཁྲི་600དོན་འཁྱོལ་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།