ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་པ་དང་། ཁྱད་ལྡན་ཐོན་ལས་ལ་བརྟེན་པ། ཁྲོམ་རས་ཁྲིད་སྟོན་དང་ཆེད་ལས་མཉམ་ལས་ཁང་གིས་སྐུལ་ཁྲིད་བྱས་པ་བརྒྱུད“གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག”གི་ཆེད་ལས་གྲོང་ཚོའི་ཐོན་ལས་ཀྱི་བཀོད་པ་ཆགས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། དེ་དང་དུས་མཚུངས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་རྩལ་ནུས་གསོ་སྦྱོང་ཤུགས་ཆེན་སྤེལ་ནས་གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། གསོ་སྦྱོང་ལ་བརྟེན་ནས་ལས་གཏོད་ལ་སྐུལ་འདེད་གཏོང་བ། གསོ་སྦྱོང་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད་ཅིང་། འདི་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་སྣམ་འཐག་མཉམ་ལས་ཁང་གི་ལས་བཟོས་པང་གདན་འཐག་བཞིན་པ།