དབུ་ཤོག>ཞིང་འབྲོག་གསར་པ།
  • མཚོ་སྨད་རྫོང་གིས་དབུལ་སྒྲོལ་བྱ་ཐབས་དྲུག་སྤྱད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-27

    ཉེ་བའི་ལོ་ཤས་རིང་མཚོ་སྨད་རྫོང་གིས་རྫོང་ཡོངས་ཀྱི་སྟོབས་ཤུགས་བཏོན་ཏེ་ཕར་ཆིན་རྒྱག་པའི་སྙིང་རུས་ཐོག་ནས་དབུལ་སྒྲོལ་བྱ་ཐབས་དྲུག་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དབུལ་སྒྲོལ་གྱི་ལམ་བུ་གསར་པའི་ཐོག་སྐྱོད་ཡོད་པ་རེད།

    རིག་སྐྱོར་དང་བློ་སྐྱོར་གྱིས“དབུལ་པོའི་རྩ་བ་དྲུངས་ནས་འབྱིན”ནས“རང་བརྟེན”དབུལ་སྒྲོལ་གྱི་ལམ་བུ་འབྱེད་པ། རྫོང་དེས་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་དེ་རིག་སྐྱོར་དང་བློ་སྐྱོར་དང་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ་མང་ཚོགས་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པའི“རང་ངོས་བཅུའི”བྱེད་སྒོ་ཏན་ཏིག་སྤེལ་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་རང་བཞིན་གྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་ཞིང་། མིག་སྔའི་བར། མང་ཚོགས་ཀྱི་མཚན་མོའི་སློབ་གྲྭ་དུས་ཐེངས་67གཉེར་བས་སློབ་གསོ་ཐོབ་མཁན་མང་ཚོགས་མི་ཐེངས་8600ལྷག་ཙམ་ཟིན་པ་དང་། ཆེད་དོན་སློབ་གསོའི་གསོ་སྦྱོང་སྣ་ཚོགས་ཐེངས་13གཉེར་བས་སློབ་གསོ་ཐོབ་མཁན་མང་ཚོགས་500ཟིན་ཏེ་མང་ཚོགས་ལ“དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་དུ”འགྱུར་རྒྱུར་སྣེ་ཁྲིད་བྱས་པ་རེད།

    ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ལས་རིགས་དབུལ་སྐྱོར་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་བ། རྫོང་དེས“ཁེ་ལས་དང་། རྟེན་གཞི། དུད་ཚང་དབུལ་པོ”ཟུང་དུ་འབྲེལ་བ་དང“ཁེ་ལས་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས་ཁྲོམ་ར་དང་། རྟེན་གཞི། དུད་ཚང་དབུལ་པོ་བཅས་ཀྱི་སྦྲེལ་མཐུད་ལས་སྟེགས་ནུས་ལྡན་བསྐྲུན་པ་དང་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་སྣང་ཆེན་གྱིས་མང་ཚོགས་དབུལ་པོ་དེ་བས་མང་བར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པ་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དབུལ་སྐྱོར་ཐོན་ལས་རྣམ་གྲངས་21གཏན་འཁེལ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་5.67ལྷག་ཙམ་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་1166དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད།

    གནས་སྤོས་དབུལ་སྐྱོར་གྱིས“དབུལ་པོའི་འབྱུང་རྩ་མེད་པ”བཟོས་ནས་འཕེལ་རྒྱས་མྱུར་པོ་འགྲོ་བའི་ལམ་བུ་བཏོད་པ། རྫོང་དེས་ཁྱོན་ཡོངས་གནས་སྤོ་དང་། ཁ་འགྲེམས་བཀོད་སྒྲིག ཐག་ཉེ་སར་གནས་སྤོ་སོགས་ཀྱི་བྱེད་སྟངས་སྤྱད་དེ་མང་ཚོགས་དབུལ་པོ་ལྟེ་བའི་གྲོང་གསེབ་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་། འགྲིམ་འགྲུལ་ལམ་རྒྱུད། མཐའ་མཚམས་ཀྱི་འཐབ་ས་དང་པོ་སོགས་སུ་གཅིག་སྡུད་བྱ་རྒྱུར་སྣེ་ཁྲིད་ཀྱིས་རྫོང་ཡོངས་ཀྱི་དུད་ཚང་1523གྱི་མི་གྲངས་5537ཡུལ་གཞན་དུ་གནས་སྤོསདབུལ་སྐྱོར་གྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་པ་རེད།

    སྲིད་ཇུས་འགན་ལེན་གྱིས“དབུལ་པོའི་མཐའ་སྐྱོང”སྟེ་དམངས་ཕན་སེམས་སྐྱིད་ལམ་བུ་ཡག་པོ་བསྐྲུན་པ། རྫོང་དེས་དམངས་སྲིད་ལས་དོན་དེ་དབུལ་སྐྱོར་དང་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་ཆེད། ཆ་རྐྱེན་འཛོམས་པའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་289རིམ་པ་བཞིན་ཡིག་ཚགས་དང་གཱ་བཟོས་པའི་ཁྱབ་ཁོངས་སུ་བཅུག་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཆ་རྐྱེན་འཛོམས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་སུ་བཅུག་སྟེ་རོགས་སྐྱོར་བྱེད་དགོས་རིགས་རོགས་སྐྱོར་ཐུབ་པ་དང་འགན་ལེན་བྱེད་དགོས་རིགས་འགན་ལེན་ཐུབ་ཡོད་པ་རེད། འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་དང་། འཚོ་བཅུད་ལེགས་གཏོང་འཆར་གཞི། ཁྱིམ་ཚང་དབུལ་པོའི་སློབ་གྲྭ་ཆེ་མོ་བའི“ཆག་ཡང་གསུམ་དང་ཁ་གསབ་གཅིག”གི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱས་ཏེ་རིམ་རྩིས་བྱས་ན་རིགས་ཁག་གི་སློབ་གསོའི་ཁ་གསབ་བྱ་དགའི་དངུལ་སྒོར་ཁྲི་127.57སྤྲད་པ་དང་། མང་ཚོགས་དབུལ་པོའི་སྨན་བཅོས་སྐྱོབ་རོགས་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང“སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་རྩིས་རྒྱག་པའི”ལམ་ལུགས་ལག་བསྟར་བྱས་ཏེ་སྐྱེ་ཁུངས་མཚོ་སྨད་ནས་ཡིན་པའི་མང་ཚོགས་རྫོང་སྨན་ཁང་དུ་སྡོད་པའི་འགྲོ་སོང་རྩིས་ཞུ་100%ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཡོད།

    དབུལ་སྐྱོར་རོགས་ལས་ཀྱིས“དབུལ་པོ་དང་ཆ་སྒྲིག”བྱས་ནས་ལས་བྱེད་པ་དང་མང་ཚོགས་དབར་སེམས་སྦྲེལ་ཟམ་པ་བཙུགས་པ། རྫོང་དེས“མངོན་གསལ་དོད་པོ་གསུམ”མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་ལས་དོན་ཡག་པོ་བསྒྲུབས་པ་དང་། ལས་བྱེད་པའི་དབུལ་སྐྱོར་མངོན་གསལ་དོད་པོ་ཡོང་བར་བྱེད་པ། “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ། “གྲོང་སྡོད་ལས་དོན་རུ་ཁག་མངགས་གཏོང་ཚན་པ་དང་། ཤང་དང་གྲོང་རྡལ། གྲོང་ཚོ། ཏང་ཡོན་དང་དུད་ཚང་དབུལ་པོ་བཅས་“མང་གཏད་གཅིག”གི་རོགས་སྐྱོར་བྱེད་སྟངས་བཙུགས་པ་དང་། བོད་སྐྱོར་རོགས་སྐྱོར་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་འབྲེལ་གཏུག་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་སློབ་གསོ་དང་། ལས་ཞུགས། ཚན་རྩལ། ཐོན་ལས་བཅས་ཀྱི་བོད་སྐྱོར་དེ་དབུལ་སྒྲོལ་འགག་སྒྲོལ་དང་སྦྲེལ་མཐུད་ནུས་ལྡན་བྱས་པ། སྤྱི་ཚོགས་ཀྱི་རོགས་སྐྱོར་མངོན་གསལ་དོད་པོ་ཡོང་བ་བྱས་ནས“ཁེ་ལས་ཀྱིས་གྲོང་ཚོར་རོགས་སྐྱོར”གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཁེ་ལས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་མ་འཇོག་ལས་དར་དང་། མ་དངུལ་ཞལ་འདེབས་ཕུལ་ནས་དབུལ་སྐྱོར། ཁ་གཏད་རོགས་སྐྱོར་བཅས་བྱེད་པར་བསྐྱོད་རྒྱུར་བསྔགས་ལྕག་བྱས་པ་རེད།

    ཞན་ཆ་གསབ་ནས“དབུལ་ཞྭ་ཕུད་དེ”འབྱོར་ཕྱུག་དང་འབྱོར་འབྲིང་ལམ་བུར་མཉམ་དུ་སྐྱོད་པ། རྫོང་དེས་མ་དངུལ་སྒོར་དུང་ཕྱུར་9.67བཏང་ནས“ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ། ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། བདེ་སྲུང”བཅས་ཀྱི་སྤུས་ཚད་མཐོར་གཏོང་གི་འདུ་འགོད་བཅུ་ལག་བསྟར་ཤུགས་ཆེན་བྱས་ཏེ་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་བཏང་བ་དང་། རྒྱལ་ལམ་560དང་219ཡི་མཚོ་སྨད་དུམ་བུའི་གཞུང་ལམ་རིམ་སྤོར་སྒྱུར་བཀོད་དང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ་སྣེ་གདོང་སོགས་རྫོང་8དང་ཕན་ཚུན་སྦྲེལ་མཐུད་ཐུབ་པར་བྱས་པ་དང་། དྲ་རྒྱའི་འདུ་འགོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་གློག་འཕྲིན་གྱི་ཀྲའོ་100ཡི་འོད་སྐུད་དྲ་ཆེན་དང་4Gདྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ། མུའུ་ཁྲིའི་ནས་ནག་རྟེན་གཞི་འཕྲུལ་ཆས་ཅན་གྱི་རྨོ་འདེབས་དང་ཚན་རིག་དང་མཐུན་པའི་གཡོག་བྱེད་ལ་སྐུལ་འདེད་བཏང་སྟེ་མུའུ་རེའི་ཐོན་ཚད་རྒྱ་མ་50ཡན་མཐོ་རུ་འགྲོ་རེ་ཡོད་པ་དང་། འོས་འགན་སློབ་གསོའི“100%བྱས་པ་5”དང“ཆ་སྙོམས་ཆུ་ཚད་གསུམ”གྱི་དམིགས་ཚད་ལོན་པའི་འཆར་གཞི་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཚད་གཞི་མཐོ་པོའི་ངང་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པས་སྤྱི་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་ཞབས་ཞུ་ཁྱབ་ཚད་85%ཡན་ཟིན་པ་དང་རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན་ཁྱབ་ཚད་99%ཡན་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།