དབུ་ཤོག>ཞིང་འབྲོག་གསར་པ།
  • མེ་ཏོག་གི་དབུལ་སྒྲོལ་ཇ་ཡི་བྲོ་བ་ཞིམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-10

    བོད་ཀྱི་མེ་ཏོག་རྫོང་བདེ་ཞིང་ཤང་ཧོ་ར་གྲོང་ཚོར་སྐྱོད་སྐབས་ཇ་ཤིང་གི་དྲི་བསུང་ངང་གིས་འཐུལ་འོང་། སྔོན་མ་མ་རྨོས་ལོ་ཏོག་དང་གཡང་འབུམ་ལས་མི་འདེབས་པའི་གྲོང་ཚོ་དེས་ད་ཆ་ཡར་ཀླུང་གཙང་པོའི་རོང་ཤུར་དུ་མུའུ་450ལྷག་ཙམ་ཟིན་པའི་ཇ་འདེབས་ར་བ་ཞིག་བརྒྱབ་ཡོད། 

    ཇ་འདེབས་ར་བར་ལོ་27ལ་སླེབས་པའི་ཇ་འདེབས་མཁན་མོན་པ་བདེ་ཆེན་ལྷ་མོས“ལོ་བཞི་ལྔའི་གོང་ཇ་ཤིང་ཟེར་བ་གང་འདྲ་ཞིག་ཡིན་པ་མཐོང་མྱོང་མེད། ད་ཆ་ཇའི་སྤུས་ཀར་བལྟས་ནས་རིན་གོང་གཏན་འཁེལ་དང་། སྒོ་རྩར་ཇ་ཉོ་མཁན་ལ་རྒྱ་མ་རེར་སྒོར་བརྒྱ་ཉིས་བརྒྱ་བྱས་ཏེ་འཚོང་ཐུབ་ལ་གྲོང་ཚོས་ཉིན་ལྟར་ངར་གླ་ཆ་སྒོར་200སྤྲོད་ཀྱི་འདུག”ཅེས་བཤད།

    མེ་ཏོག་ལ་དུས་ཡུན་རིང་པོར་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྐྱེན་གྱིས་དེ་གའི་མང་ཚོགས་ཀྱིས་བསྲེགས་རྨོད་གྲིས་འདེབས་བྱེད་སྲོལ་ཡོད་པ་མ་ཟད། འབྲུ་རིགས་སུ་མ་རྨོས་ལོ་ཏོག་དང་གཡང་འབུམ་མ་གཏོགས་འདེབས་ཀྱི་མེད། 2012ལོར། ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་སྐྱོར་ལ་བརྟེན་ནས་ལྷ་གོང་གྲོང་ཚོར་མུའུ་90ཡི་སར་ཇ་ཚོད་འདེབས་ཐོག་མར་བྱས་པར་ཕན་འབྲས་ཡག་པོ་ཐོན་སྟབས། ལོ་གཉིས་པར་མེ་ཏོག་རྫོང་གིས་གཞི་ཁྱོན་ཆེན་པོས་ཇ་འདེབས་ར་བ་ཁྱབ་གདལ་བཏང་བ་རེད།

    མེ་ཏོག་གྲོང་ཚོ་ནི་ཇ་འདེབས་མཁན་གྱི་གྲོང་ཚོ་དང་པོའི་གྲས་ཤིག་རེད། “ལས་སྣོན་བྱས་པའི་མེ་ཏོག་གི་ཇ་ལོ་རྒྱ་མ་རེར་ཉུང་མཐར་ཡང་སྒོར་700རི་བ་དང་། རང་ཁྱིམ་གྱི་མུའུ་8ཀྱི་རི་ཞིང་ཚང་མར་ཇ་བཏབ་པར་ན་ནིང་ཡོང་འབབ་སྒོར་ཁྲི་4ལྷག་བྱུང”ཞེས་ཡུལ་མི་བསྟན་འཛིན་ཕུན་ཚོགས་ཀྱིས་བཤད། 2014ལོར་ཁོང་ཁྱིམ་གྱིས་ཇ་བཏབ་པས་ལོ་གཉིས་གོང་ནས་སྔོན་ལ་དབུལ་སྒྲོལ་ཐུབ་ཡོད།

    “རི་ཀླུང་ཀུན་ཏུ་ལྗོན་ཤིང་གིས་ཁེངས་ཀྱང་ལྟོ་གོས་ཀྱི་དཀའ་ངལ་ཐག་གཅོད་ཐུབ་མེད། ཟས་སུ་སྤྱོད་མི་རུང་ལ་བུད་ཤིང་ཡང་བྱེད་མི་ལོ་བའི་ལྗང་པ་ཆུང་ངུ་འདི་དག་ལ་བརྟེན་ནས་ཡོང་སྒོ་གསོག་ཐུབ་སྙམ་པ་སུའི་བསམ་བློར་ཡང་འཁོར་མྱོང་མེད”ཅེས་མེ་ཏོག་གྲོང་ཚོའི་མོན་པའི་ཨ་ནེ་ཞིག་གིས་དེ་ལྟར་བཤད་ཅིང་། ཁོང་གིས“བོད་སྐྱོར་ལས་དོན་ཚོགས་ཆུང་དང་གྲོང་ཚོའི་ལས་བྱེད་པས་ཉིན་ལྟར་སྒོ་རྩར་དྲིལ་བསྒྲགས་བྱས་ནའང་། ཇ་འདེབས་འདོད་ཡོད་མཁན་ཁ་ཤས་ལས་བྱུང་མེད”ཅེས་བཤད།

    “དེ་དུས་ང་ལའང་ཐེ་ཚོམ་བྱུང་། 2013ལོར་རང་ཁྱིམ་གྱི་ས་ཞིང་མུའུ་8ལས་མུའུ་1གི་སར་ཀོང་ཏུང་ཧྥོ་ཧྲན་བོད་སྐྱོར་ལས་བྱེད་པས་སྤྲད་པའི་ཇའི་སྡོང་ཕྲུག་བཏབ་པ་ཡིན། མུའུ་གཅིག་གི་ཇ་འདེབས་ར་བ་གཅིག་པུ་ནས་ན་ནིང་ཇའི་ཡོང་འབབ་ལ་སྒོར་ཁྲི་ཡན་ཟིན་པ་དང་དེའི་ནང་ད་དུང་མཉམ་སྡེབ་ཀྱི་ཇ་འདེབས་ར་བ་བསྐྲུན་པའི་འགྲོ་གྲོན་དང་གཡོག་བྱེད་ཀྱི་ལས་ཀའི་ཡོང་འབབ་ཚུད་མེད། འདི་ལོ་ངས་མུའུ་4ཡན་སར་ཇ་འདེབས་རྒྱུའི་བརྩོན་ལེན་བྱས་པ་ཡིན་ཞེས་ཨ་ནེས་བཤད།

    དམིགས་བསལ་གྱི་ས་རྒྱུ་དང་གནམ་གཤིས་ཀྱི་ཆ་རྐྱེན་དབང་གིས་མེ་ཏོག་གི་ཇའི་སྤུས་ཚད་ཡག་པོ་ཡོད་སྟབས་ཁྲོམ་རར་བཏོན་མ་ཐག་ཇ་ལོ་བྲིན་ཁ་རྒྱུག་པོ་ཡོད། འདི་ལོའི་ཟླ་ལྔ་པར་འཚོགས་པའི་ཀྲུང་གོའི་སི་ཁྲོན་གྱི་རྒྱལ་སྤྱིའི་ཇ་འདེབས་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་སྐབས་བདུན་པའི་ཐོག་བོད་ཀྱི་མེ་ཏོག་གི་ཇ་ལོ་དང་ཇ་པ་ཏི་གཉིས་ཀར་གསེར་གྱི་བྱ་དགའ་ཐོབ་ཡོད།

    དུས་ཐུང་ལོ་ལྔ་ཡི་རིང་། མེ་ཏོག་གི་མང་ཚོགས་ཀྱིས་ཇ་འདེབས་ཐད་གཞན་སྐུལ་ནས་རང་འགུལ་དུ་གྱུར་ཡོད། མེ་ཏོག་གྲོང་རྡལ་དང་བདེ་ཞིང་ཤང་སོགས་ཤང་དང་གྲོང་རྡལ་ལྔ་ལ་ཚད་གཞི་མཐོ་བའི་སྐྱེ་ལྡན་ཇ་འདེབས་ར་བ་25བསྐྲུན་པ་དང་སྤྱིའི་རྒྱ་ཁྱོན་ལ་མུའུ་7326ཟིན་པར་བྱ་འདེབས་མཁན་དུད་ཚང་ལ་ལོར་ཆ་སྙོམས་ཡོང་འབབ་ཁྲི་4ལྷག་བྱུང་ཞིང་། 2017ལོའི་ལོ་མཇུག་ཏུ། རྫོང་ཡོངས་ཀྱིས་ཇ་ལོ་རྒྱ་མ་47481བཏུས་ནས་མི་2571ལ་སྣེ་ཁྲིད་བྱས་པར་ཡོང་འབབ་སྒོར་ཁྲི་175ལྷག་དང་ཐོན་སྐྱེད་རིན་ཐང་སྒོར་ཁྲི་517.38ཟིན་ཡོད།

    “ང་ཚོས་ཇ་འདེབས་པ་དང་ཡུལ་སྐོར་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱིས་ཇ་འདེབས་ཙམ་མ་ཟད། ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་ཡོད། བདེ་ཞིང་ཤང་གིས་ཡར་ཀླུང་གཙང་པོའི་ཕ་ལམ་མཛེས་ལྗོངས་ཇ་འཐུང་ར་བ་བསྐྲུན་རྗེས། ཡུལ་སྐོར་བར་ཇ་འཐུ་བ་དང་ཇ་ལོ་སྦོང་བ་སོགས་མྱོང་རོལ་བྱེད་དུ་བཅུག་པས་ཉེ་འཁོར་གྱི་ཞིང་པའི་སྤྲོ་སྐྱིད་ཁང་ལ་སྣེ་ཁྲིད་ཐུབ་ཡོད”ཅེས་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀོང་ཏུང་ཧྥོ་ཧྲན་གྱི་མེ་ཏོག་རོགས་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཤེ་གོ་ཀའོ་ཡིས་དེ་ལྟར་བཤད།

    ཇ་འདེབས་ལས་རིགས་འཕེལ་རྒྱས་བཏང་བར་བརྟེན་ནས་མེ་ཏོག་གིས་རང་ངོས་འཕེལ་རྒྱས་གཏོང་བའི་ངེས་ནས་གསལ་པོར་གྱུར་ཡོད། “ང་ཚོས་ནུས་ཤུགས་ཡོད་རྒུས་མཐའ་མཚམས་སྣོད་བཅུད་བཟང་བའི་རྫོང་དང་ཁྱད་ལྡན་སྤུས་རྟགས་ཡུལ་སྐོར་རྫོང་བསྐྲུན་ཏེ་དུས་བཀག་ནང་དབུལ་ཞྭ་འབུད་ཐུབ་པ་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་ཡིན”ཞེས་མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ལི་ཁྲང་ཆིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    ཐོ་རེངས་སུ་ཐོན་ལ་ཉེ་བའི་སྐབས། བདེ་ཆེན་ལྷ་མོས་ང་ཚོ་གྲོང་ཚོའི་ལམ་མདོ་བར་བསྐྱལ་བ་དང་སྦྲགས། ཇ་བཏབ་པ་ནས་བཟུང་། གྲོང་ཚོའི་ཕོ་མོ་རྒན་གཞོན་ཚང་མ་ཟླ་གསུམ་པའི་ཟླ་མཇུག་ནས་ཇ་འཐུ་བའི་ལས་ལ་བྲེལ་འགོ་ཚུགས་པ་དང་སྤྱིར་ཟླ་བཅུ་པའི་ཟླ་མཇུག་ཏུ་ལས་མཚམས་འཇོག་གི་ཡོད། ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་འདི་འདྲ་གནང་བས་ང་ཚོས་ལག་གཉིས་ལ་བརྟེན་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་གྱི་ཡིན་ཞེས་བཤད།

    (《མི་དམངས་ཉིན་རེའི་ཚགས་པར》ནས་བཏུས)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།