དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་གསེབ་ཀྱི་སྒྲོག་འགྲེལ་པས་དབུལ་སྒྲོལ་གྱི་སྲིད་ཇུས་བརྒྱུད་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-06-26

    “དེ་ངའི་ཁ་པར་ཨང་གྲངས་ཡིན། ཁྱེད་ཀྱི་པཱ་ལགས་ལ་ང་རྫོང་དུ་འཚོལ་བར་ཤོག་ཅེས་ལབ་རོགས། ངས་ཁོང་ལ་སྒོ་སྲུང་གི་ལས་ཀ་ཞིག་བཙལ་བ་ཡིན། ཟླ་གཅིག་ལ་ཕལ་ཆེར་གླ་ཆ་སྒོར་4000གཡས་གཡོན་འདུག ད་དུང་ཁྱེད་ལ་བསྐྱར་སྦྱོང་གི་དཔྱད་གཞི་གང་དགོས་ན་ང་ལ་ཁ་པར་རྒྱོབ་ཤོག”ཅེས་འཕྱོངས་རྒྱས་རྫོང་མི་དམངས་འཐུས་ཚོགས་གཞུང་དོན་ཁང་གི་ཏང་ཀྲི་པུའི་སྒྲོག་འགྲེལ་པ་ཉི་སྒྲོན་གྱིས་འཕྱོངས་རྒྱས་རྫོང་སློབ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ཕུར་བུ་སྒྲོལ་མར་བརྗོད།

    “ང་ནི་རྫོང་མི་དམངས་འཐུས་ཚོགས་གཞུང་དོན་ཁང་གི་ཏང་ཀྲི་པུའི་སྒྲོག་འགྲེལ་པ་ལུའུ་ནོན་ནོན་ཡིན། འདི་ལོ་ནས་བཟུང་ང་ནི་ཁྱེད་ཚོའི་སྤུན་མཆེད་ལྟ་བུ་ཡིན། ཁྱིམ་དུ་དཀའ་ངལ་གང་འཕྲད་ཚེ་ང་ལ་ཤོད་རྐྱང་བྱེད”ཅེས་ལུའུ་ནོན་ནོན་གྱིས་ཤ་གསོས་ཤང་འཇུ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་དུད་ཚང་དབུལ་པོ་གཡང་འཛོམས་སྒྲོལ་དཀར་ལ་བཤད།

    མི་རིང་བའི་གོང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་མི་དམངས་འཐུས་ཚོགས་གཞུང་དོན་ཁང་གི་ཏང་ཀྲི་པུས་དབུལ་སྒྲོལ་སྲིད་ཇུས་ཀྱི་སྒྲོག་འགྲེལ་རུ་ཁག་ཅིག་བཙུགས་པ་དང་། ཁོང་ཚོས་ཞིང་ནང་དང་མུ་ཁ་དང་། གྲོང་ཚོ་དང་དུད་ཚང་བཅས་སུ་བསྐྱོད་དེ་ཆ་སྒྲིག་རོགས་སྐྱོར་དང་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་དུད་ཚང་དབུལ་པོ་དབུལ་ཕོངས་ལས་སྒྲོལ་རོགས་བྱེད་ཀྱི་ཡོད་པ་རེད།

    དབུལ་སྒྲོལ་སྲིད་ཇུས་སྒྲོག་འགྲེལ་བྱེད་ཐེངས་ཤིག་ལ་སྒྲོག་འགྲེལ་ཚོགས་པས་ཤ་གསོས་ཤང་འཇུ་གྲོང་ཚོ་ཨུ་ལྷན་གྱི་ཚོགས་ཁང་དུ་དུད་ཚང་9ཡི་རོགས་སྐྱོར་བྱ་ཡུལ་33ལ《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན》ཞེས་པ་སྒྲོག་འགྲེལ་བྱས་ཏེ་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་ཁྱིམ་གྱིས་ཕྱུགས་འཚོས་ནས་མཐའ་མཚམས་བསྲུངས་པའི་སྔོན་ཐོན་བྱས་རྗེས་སྐོར་བརྗོད་པ་དང་འབྲེལ། ཚང་མར《མི་གསུམ་གྱི་ཡུལ་སྨད་ཤང་》ཞེས་པའི་དངོས་མཚོན་གློག་བརྙན་བསྟན་པས་མང་ཚོགས་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡིན་ལ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད་པ་རེད།

    “དུས་རབས་གསར་པ་དང་། བསམ་བློ་གསར་པ། དམིགས་ཚད་གསར་པ། རྒྱང་སྐྱོད་ཀྱི་ལམ་དུ་གསར་པ་བཅས་ལས་ང་ཚོ་ཞིང་པ་རྣམས་ལ་ཕན་པ་གང་ཐོབ་སྲིད” དེ་རྗེས་སྒྲོལ་མས་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་རོགས་སྐྱོར་དུད་ཚང་ལ་དྲི་བ་བཏོན་པ་དང་ཚང་མས་ཀྱང་ཚང་ཁ་ཤིག་ཤིག་ངང་ལན་བརྒྱབ། འཁྲུག་ཆ་དོད་པའི་སློབ་སྦྱོང་གི་རྣམ་པའི་ཁྲོད་སྒྲོལ་མས་གནད་སྨིན་དབུལ་སྒྲོལ་གྱི་སྲིད་ཇུས་མཐའ་དག་རོགས་སྐྱོར་བྱ་ཡུལ་དུད་ཚང་གི་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས།

    དགུང་ཟས་བཟས་རྗེས། འཕྱོངས་རྒྱས་རྫོང་མི་དམངས་འཐུས་ཚོགས་གཞུང་དོན་ཁང་གི་ཏང་ཀྲི་པུའི་སྒྲོག་འགྲེལ་པས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུད་ཚང་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་ནས《འཕྱོངས་རྒྱས་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་དྲིས་ལན》ཞེས་པའི་དྲིལ་བསྒྲགས་ལག་དེབ་སྤྲད་པ་རེད། ལག་དེབ་དེའི་ནང་ནོར་སྲིད་དང་། འཆར་བཙའ། མ་མཐའི་འཚོ་བའི་འགན་ལེན། འགན་ལེན་ལྔ། སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན། ཞིང་ལས། ནགས་ལས། འབྲོག་ལས་སོགས་ཀྱི་ཞིང་དར་ཞིང་ཕན་སྲིད་ཇུས་དང་། དེ་བཞིན་གཉེར་བའི་བརྒྱུད་རིམ་སོགས་ཀྱི་ནང་དོན་ཡོད་པས། དབུལ་སྒྲོལ་སྲིད་ཇུས་དང་དེ་བཞིན་བཅའ་ཁྲིམས་ཁྲིམས་སྲོལ་གྲོང་ཚོ་དང་དུད་ཚང་དུ་དྲིལ་བསྒྲགས་བྱ་རྒྱུ་འགན་ལེན་བྱས་ཡོད་ལ་ཁྱིམ་ཚང་ཁྲི་སྟོང་མང་པོས་ཤེས་པ་ཡང་བྱས་པ་རེད།

    “རོགས་སྐྱོར་བྱ་ཡུལ་དུ་སླེབས་རིམ་བཞིན། ང་ཚོས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་ལྷགས་པའི་གནད་དོན་དང་དཀའ་གནད་སྐོར་ལ་སྐད་ཆ་ཞིབ་ཕྲ་དྲིས་ནས་གནད་སྨིན་དབུལ་སྒྲོལ་གྱི་དགོས་མཁོ་བསྡུ་རུབ་དང་ཁོང་ཚོའི་བསམ་ཚུལ་ངོ་མ་ཤེས་རྟོགས་བྱེད་ཀྱི་ཡོད། ཁོང་ཚོ་དང་གྲོས་བསྡུར་བྱེད་པའི་བརྒྱུད་རིམ་ནང་། ཁོང་ཚོས་ཏང་དང་སྲིད་གཞུང་དང་རོགས་སྐྱོར་བྱེད་མཁན་ལ་བཀའ་དྲིན་བཅངས་ལུགས་མྱོང་ཚོར་ཟབ་མོ་ཐུབ་ཀྱི་འདུག”ཅེས་རྫོང་མི་དམངས་འཐུས་ཚོགས་གཞུང་དོན་ཁང་གི་ཏང་ཀྲི་པུའི་སྒྲོག་འགྲེལ་པ་སུང་ཤུས་ཤུས་ཀྱི་ལས་ཀའི་ཉིན་ཐོའི་ནང་དེ་ལྟར་འཁོད་ཡོད།

    གཞན་ཡང་སྒྲོག་འགྲེལ་པ་ཚོས་ད་དུང་རོགས་སྐྱོར་བྱ་ཡུལ་གྱི་ཁྱིམ་དུ་སྔོ་ཚལ་དང་། ཤ་རིགས། སྒོ་ང་། འོ་མ་སོགས་ཀྱི་འཚོ་བའི་དངོས་ཟོག་ཁྱེར་ནས་འཚམས་འདྲིར་བསྐྱོད་དེ་ཁོང་ཚོར་དཀའ་ངལ་ཁྱད་བསད་དང་ལས་བརྩོན་ཕྱུག་འགྱུར་བྱེད་དགོས་པའི་སྐུལ་ལྕག་ཀྱང་བྱེད་ཀྱི་ཡོད།

    “ཁྱེད་རང་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་བློ་བདེ་པོ་གནང་རོགས། ངས་ངེས་པར་དུ་སྒུག་རྟེན་སློང་གསུམ་གྱི་བསམ་བློ་དོར་ཏེ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་ཡིན”ཞེས་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་འཇུ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་རོགས་སྐྱོར་བྱ་ཡུལ་ཚེ་ལགས་ཀྱིས་ཡིད་ཆེས་ཆེན་པོས་སྒྲོག་འགྲེལ་པ་ཆོས་སྒྲོན་ལ་དེ་ལྟར་བཤད།

    འཕྱོངས་རྒྱས་རྫོང་མི་དམངས་འཐུས་ཚོགས་གཞུང་དོན་ཁང་གི་ཏང་ཀྲི་པུའི་འབྲེལ་ཡོད་འགན་ཁུར་བས་གསར་འགོད་པར་སྒྲོག་འགྲེལ་བྱས་པ་བརྒྱུད། ཏང་གི་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ནས་རོགས་སྐྱོར་བྱ་ཡུལ་དུད་ཚང་ལ་སྲིད་ཇུས་ཤེས་སུ་བཅུག་པ་དང་ཆབས་ཅིག མང་ཚོགས་དབུལ་པོར“སྒུག་རྟེན་སློང”གསུམ་གྱི་བསམ་བློ་བསལ་རྒྱུར་ཁྲིད་སྟོན་བྱས་ཏེ་བསམ་བློའི་ཐད“དབུལ་སྒྲོལ་གཞན་སྐུལ་ནས་རང་འགུལ་བར”འགྱུར་ལྡོག་བྱུང་ཡོད། གོམ་སྟབས་རྗེས་མར་གནད་སྨིན་དབུལ་སྒྲོལ་སྲིད་ཇུས་སྒྲོག་འགྲེལ་དང་། དེ་བཞིན་འཚམས་འདྲིའི་བྱེད་སྒོ་སྤེལ་རྒྱུ་དང་འབྲེལ་ཆ་སྒྲིག་རོགས་སྐྱོར་གྱི་འགན་ཁུར་བ་བཀོད་སྒྲིག་བྱས་ནས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་རོགས་སྐྱོར་བྱས་ཏེ་མང་ཚོགས་དབུལ་པོའི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།