དབུ་ཤོག>ཞིང་འབྲོག་གསར་པ།
  • ས་མ་འབྲོག་གི་དུང་གྲོང་ཚོའི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-25

     སྣང་རྫོང་གི་ཐག་རིང་དུ་གནས་པའི་དཀར་གོང་གྲོག་རོང་དུ་དེ་སྔ་དུད་ཚང་12ལས་གྲུབ་པའི་རྫོང་གྲོང་དང་བར་ཐག་རིང་ལ་རི་སྟེང་དུ་གནས་པའི་གྲོང་ཚོ་ཆུང་ངུ་ཞིག་ཡོད།

    དེ་གར་འཚོ་བའི་མི་རྣམས་མི་རབས་ནས་མི་རབས་བར་ཉིན་མོ་ལས་ཀར་བསྐྱོད་པ་དང་མཚན་མོ་ངལ་གསོ་བའི་གདོད་མའི་རྣམ་པར་གནས་ཡོད། འོན་ཀྱང་དེ་དག་ཚང་མ་གྲོང་ཚོ་ཐག་རིང་དུ་གནས་པ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། ཆ་འཕྲིན་གསང་པོ་མེད་པ། རྫོང་གྲོང་དང་བར་ཐག་རིང་བ་བཅས་རྐྱེན་པས་རེད། དེ་ནི་ལོ་བཅུ་གྲངས་གོང་གི་སྣང་རྫོང་དུང་དཀར་གྲོང་རྡལ་དུང་གྲོང་ཚོའི་རྣམ་པ་ཞིག་རེད།

    “2003ལོའི་གོང་། ང་ཚོ་ཚང་མ་རི་སྟེང་དུ་སྡོད་པ་དང་འགྲོ་ལམ་སྟབས་བདེ་མེད་པའི་དབང་གིས་འབྲུ་རིགས་རྟ་ཟོག་ལ་བཀལ་ནས་རི་གཤམ་དུ་འཚོང་བར་སྐྱོད་དགོས་ཀྱི་ཡོད། འགྲོ་ལམ་སྟབས་བདེ་མེད་པས་ང་ཚོའི་འཚོ་བའི་མཁོ་ཆས་ཀྱང་རྐང་ཐང་མར་ཉིན་དང་པོར་རི་ནས་བབས་པ་དང་ཉིན་གཉིས་པར་རི་འཛེགས་ཏེ་ཉོ་བར་སྐྱོད་དགོས་པས་དོན་དུ་འཚོ་བ་དངོས་འབྲེལ་དཀའ་ཚེགས་ཆེན་པོ་ཡོད”ཅེས་དུང་གྲོང་ཚོའི་གྲོང་མི་བག་ལྷོད་ཀྱིས་དྲན་གསོ་བྱེད་བཞིན་བཤད།

    “2001ལོར་རྒྱལ་ཁབ་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ཚོད་ལྟ་དང་ལག་ལེན་བསྟར་འགོ་བཙུགས་པ་དང་སྣང་རྫོང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས། དུང་གྲོང་ཚོ་ཐག་རིང་ལུང་ཁག་ཏུ་གནས་པས་སྣང་རྫོང་གིས་གྲོང་ཚོ་ཧྲིལ་པོ་གནས་སྤོ་བྱ་ཡུལ་གྱི་གྲོང་ཚོ་ཁག་དང་པོའི་གྲས་སུ་བདམས་པ་མ་ཟད། 2003ལོར་གནས་སྤོའི་ལས་དོན་ལེགས་སྒྲུབ་ཀྱང་བྱས་པ་རེད”ཅེས་གྲོང་མི་སྒྲོལ་མ་ཚེ་རིང་གིས་བཤད།

    “ཁྱེད་རྣམ་པས་གཟིགས་དང་། ད་ཆ་གྲོང་མིའི་སྡོད་ཁང་སྐྱིད་སྣང་དོད་པོ་མི་གང་འདྲ་མི་འདུག་གམ། འདིདག་ཚང་མ་སྲིད་གཞུང་གིས་བསྐྲུན་པ་རེད། དཀར་ཆ་དོད་ལ་རྒྱ་ཆེ་བའི་ཁང་པ་གསར་པར་སྡོད་རྒྱུ་ཡོང་སྙམ་པ་དེ་སྔ་བསམ་བློར་འཁོར་མྱོང་མེད། རི་སྟེང་ནས་སྤོ་སྐབས་ས་ཞིང་མེད་པས་ཚང་མས་སླད་ཕྱིན་གྱི་འཚོ་བ་སྔར་བས་དཀའ་ངལ་ཆེ་རུ་འགྲོ་གི་རེད་སྙམ་པའི་སེམས་ཁྲལ་བྱེད་མྱོང་། དེ་རྗེས་རྫོང་ཨུད་དང་རྫོང་སྲིད་གཞུང་དང་ཤང་གི་རོགས་རམ་འོག་གྲོང་མིར་ས་ཞིང་ཡོད་པ་མ་ཟད། དཔལ་འབྱོང་ནགས་ཤིང་ཡང་ཡོད་པས་ཡོང་འབབ་ལོ་རེ་ལས་མ་འདས་པར་མང་དུ་ཕྱིན་ནས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་སོང”ཞེས་བག་ལྷོད་ཀྱིས་བཤད།

    “ད་ཕན་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་དང་ས་ཁུལ་དབུལ་པོའི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་གསེབ་དང་དབུལ་སྒྲོལ་འགག་སྒྲོལ་དང་ཡུལ་གཞན་དུ་གནས་སྤོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བས། མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱུང་ཡོད། ད་ཆ་དུང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བྱུའི་འགྱུར་ལྡོག་ཕྱིན་ནས་མིག་སྔར་གྲོང་ཚོ་ཧྲིལ་པོར་དུད་ཚང་25ཡི་མི་115ཡོད་པ་དང་ཡོང་འབབ་ཀྱང་དེ་སྔའི་ལོ་གཅིག་ལ་དུད་ཚང་གཅིག་གི་ཡོང་འབབ་སྒོར་ཁྲི་1ཙམ་ནས་ད་ཆའི་ལོར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་7114.7ཡོད། གྲོང་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་ང་ཚོར་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་ཐབས་ལམ་རྒྱ་ཆེར་གཏོང་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ན་ནིང་གྲོང་ཚོར་མེ་ཏོག་དྲོད་ཁང་ཞིག་བསྐྲུན་ནས་ད་ཆ་སྤྱོད་འགོ་ཚུགས་པ་དང་ཡོང་འབབ་ཚང་མ་དུད་ཚང་དབུལ་པོའི་རོགས་སྐྱོར་ལ་སྤྱད་ཡོད། སླད་ཕྱིན་ལག་རྩལ་བྱང་ཆུབ་པོ་ཆགས་ཚེ་གྲོང་ཚོར་རྩིས་སྤྲོད་རྒྱུ་རེད”ཅེས་བག་ལྷོད་དགའ་ཚོར་ཆེན་པོས་ངོ་སྤྲོད་བྱས་ནས་བཤད།

    “གནས་སྤོས་པའི་དུང་གྲོང་ཚོ་ཞིང་ཆེན་ལམ་306གི་འགྲམ་དུ་ཆགས་པ་དང་འགྲིམ་འགྲུལ་ཡང་སྟབས་བདེ་བས་གྲོང་མིའི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་སྔ་དུང་གྲོང་ཚོའི་གྲོང་མིའི་ཡོང་འབབ་གཙོ་བོ་དབྱར་རྩྭ་དགུན་འབུ་འཐུ་བ་དང་། ཕྱུགས་འཚོ་བ། འདེབས་འཛུགས་བཅས་ལ་བརྟེན་པ་ལས་ཕྱིར་ལས་ཀར་སྐྱོད་མཁན་ཧ་ཅང་ཉུང་ཉུང་རེད། ད་ཆ་འགྲིམ་འགྲུལ་སྟབས་བདེ་རུ་སོང་ནས་ཚང་མའི་བསམ་བློ་ཡང་གྲུང་དུ་ཕྱིན་ཏེ་ཚོང་ཁང་དང་སྐྱེལ་འདྲེན་སོགས་ལ་བརྟེན་ནས་ཕྱུག་པོ་ཆགས་ཐབས་བྱེད་པ་ལས་དེ་སྔ་ལྟར་སྲིད་གཞུང་ལ་སྒུག་རྟེན་ཁོ་ན་བྱས་ནས་སྡོད་ཀྱི་མེད། འདི་ནི་ས་མ་འབྲོག་གི་དུང་གྲོང་ཚོའི་གནས་སྤོས་རྗེས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་རེད”ཅེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དབྱང་སྒྲོན་གྱིས་དགའ་ཚོར་ཆེན་པོས་ང་ཚོར་དེ་ལྟར་བཤད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་དང་2017ལོར་སྣང་རྫོང་གིས་ཁྱོན་དུད་ཚང་105ཡི་མི་405ཡུལ་གཞན་དུ་སྤོས་པ་ལས་2016ལོར་དུད་ཚང་51གི་མི་218དང་2017ལོར་དུད་ཚང་54ཡི་མི་187སྤོས་ནས་མ་དངུལ་བསྡོམས་སྒོར་ཁྲི་4325.16བཏང་བ་དང་གཅིག་སྡུད་གནས་སྤོའི་བཀོད་སྒྲིག་དང་ཐ་ཐོར་རྣམ་པའི་གནས་སྤོའི་བཀོད་སྒྲིག་གཉིས་སུ་ཕྱེ་ཡོད། འདི་ལོ་དུད་ཚང་32ཀྱི་མི་115སྤོས་ནས་མ་དངུལ་སྒོར་ཁྲི་4502བཏང་བ་དང་མ་དངུལ་གཏོང་ཚད་95%ལེགས་སྒྲུབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།