ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་གསལ། བོད་ཀྱི“སྣང་རྫོང་གི་སུར་པན”དང“ཀོང་པོ་རྒྱ་མདའི་བོད་ཕག”སོགས་ཞིང་ཟོག་6འདི་ལོར་ཡུལ་ཟོག་ས་ཁམས་མཚོན་རྟགས་ཀྱི་ཐོན་ཟོག་ཏུ་བསྒྱུར་རྒྱུའི་འདུན་ཞུ་བྱས་པ་ཚང་མར་ཉིན་ཤས་གོང་རྒྱལ་ཁབ་ཀྱི་ཞིབ་དཔྱད་ཐོབ་ནས་ད་བར་ལྗོངས་ཡོངས་ཀྱི་ཡུལ་ཟོག་ས་ཁམས་མཚོན་རྟགས་ཀྱི་ཐོ་འགོད་ཐོན་ཟོག་19བར་མང་དུ་སོང་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། བོད་ལ་རིམ་རྩིས་བྱས་ན། སྤྱི་གནོད་མེད་པའི་ཞིང་ཟོག་ཐོན་སྐྱེད་རྟེན་གཞི་22ཀྱི་སྤྱི་གནོད་མེད་པའི་ཞིང་ཟོག་105དང་། གནོད་མེད་བཟའ་བཅའ་35 ཀྲུང་ལུའུ་ཧྭ་ཞའི་སྐྱེ་ལྡན་ཞིང་ཟོག་13ལ་ཉེ་ཆར་ཁས་ལེན་ཐོབ་ནས་ཞིང་འབྲོག་ལས་ཐོན་ཟོག་གི་སྤུས་ཚད་དང་ཆུ་ཚད་ལོ་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད། “ལོ་ལྔ་ཚན་བཅུ་གསུམ”པའི་རིང་བོད་ཀྱིས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྟོན་ཕྱོགས་དེ་ཐོན་འཕར་ནས་མཐོར་འདེགས་སུ་འགྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དེས། ཞིང་འབྲོག་ལས་ཀྱི་ཐོན་ཟོག་གི་སྤུས་ཚད་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས། སྣོད་བཅུད་ཁོར་ཡུག་གི་བདེ་འཇགས་བཅས་ལ་སྔར་བས་དོ་སྣང་བྱུང་སྟེ། ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་མྱུར་དུ་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།