དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་གྲོང་ཚོ་དབུལ་པོའི་འོད་ཤུགས་ཞིང་ར་ཐོག་མ་ལྷ་ཡུལ་ཤང་དུ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-06-07

    ཉིན་ཤས་གོང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་2017ལོའི་ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་གལ་ཆེན་ཏེ་བོད་ཀྱི་གྲོང་ཚོ་དབུལ་པོའི་འོད་ཤུགས་ཞིང་ར་ཐོག་མ་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོ་དང་སྟོད་པ་གྲོང་ཚོར་བཙུགས་པ་རེད། རྣམ་གྲངས་དེ་ཀྲུང་ལི་ཚོགས་པས་རོགས་སྐྲུན་བྱས་པ་དང་རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་1200བཏང་ཡོད། མིག་སྔའི་བར་གཞི་ཁྱོན་ཀྲའོ་ཝ་1དང་རྒྱ་ཁྱོན་སྨི་ངོས་གྲུ་8000ནས་10000བར་ཟིན་པའི་འོད་ཤུགས་གློག་ཁང་བསྐྲུན་པ་རེད།

    “གྲོང་ཚོ་དབུལ་པོའི་འོད་ཤུགས་ཞིང་རའི་རྣམ་གྲངས་ནི་བོད་ཀྱི་ཉི་ནུས་ལ་བརྟེན་ནས་གློག་གཏོང་བའི་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་ཤིག་ཡིན་ཞིང་། རྣམ་གྲངས་དེས་ས་ཞིང་བསྐྱར་སྤྱོད་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་འདེབས་འཛུགས་དང་། གསོ་ཚགས། སོས་དལ་སོགས་དང་འོད་ཤུགས་ཀྱི་དབར་གྱི་ཁེ་ཕན་ལྡབ་འཕར་བྱེད་ཐུབ་ནས་འོད་འཕྲོ་ཚད་75%ཟིན་རྒྱུ་མ་ཟད། རང་འགུལ་ཅན་གྱི་རིག་ནུས་སྟོར་སྒོ་ཡོད་པས་རང་འགུལ་ངང་ལོ་ཏོག་ལ་ཆུ་སྟོར་བ་དང་། ལུད་རྒྱག་པ། ཆུ་འདྲེན་པ་བཅས་བྱེད་ཐུབ་པས་མི་སེར་གྱིས་ལས་ཀ་མང་པོ་བྱེད་དགོས་ཀྱི་མེད”ཅེས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྟོད་པ་གྲོང་ཚོའི་ཧྲུའུ་ཅི་དང་པོ་བསོད་ནམས་མཚོ་མོས་གསར་འགོད་པར་དེ་ལྟར་བརྗོད་བྱུང་།

    “མི་400ལྷག་ཙམ་ལ་ཁེ་སྤོགས་བགོ་ཐུབ་པ་དང་མི་50ལས་ཞུགས་ཐུབ་ཡོད”ཅེས་འོད་ཤུགས་ཞིང་རའི་སྐོར་གླེང་སྐབས་འཕྱོངས་རྒྱས་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཀྲོའུ་ཕིང་གིས་བརྗོད། ད་དུང་ཁོང་གིས“འོད་ཤུགས་ཞིང་རས་འཇལ་བྱེད་རྒྱ་ཁྱོན་ས་ཞིང་གི་ཐོན་སྐྱེད་བྱེད་ཚད་ཆེ་རུ་སོང་ཡོད། ‘འོད་ཤུགས་དང་། ཞིང་ལས། ལས་ཞུགས་བཅས་ཟུང་འབྲེལ’ལག་ལེན་བྱས་པ་གཞིར་བཟུང་གྲོང་གསེབ་ཀྱི་བརྒྱུད་བཤུག་ས་ཞིང་ནང་འོད་ཤུགས་ཞིང་ར་བཙུགས་ནས་ངལ་རྩོལ་ནུས་ཤུགས་ལྡན་པའི་ཞིང་པ་རྣམས་འགན་ལེན་ཡོད་པའི་ཞིང་པ་ལས་མིར་འགྱུར་རྒྱུའི་བློ་བཀུག་པ་དང་ཞིང་དུད་དབུལ་པོས་ད་དུང་ས་ཞིང་མ་རྐང་འཇོག་པའི་ནང་ཞུགས་ནས་ཁེ་སྤོགས་བགོ་ཐུབ་ཀྱི་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།