
ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་འཛད་སྤྱོད་པར་ཤིང་འབྲས་དང་སྔོ་ཚལ་སྣ་ཚོགས་འདོན་བཞིན་པ།

ཉོ་མཁན་གྱིས་སྔོ་ཚལ་དྲོད་ཁང་ནས་ཤིང་འབྲས་དང་སྔོ་ཚལ་འཐུ་བཞིན་པ།
ཉེ་ཆར། བོད་ལྗོངས་པ་སྣམ་རྫོང་དུ་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དུས་ཆེན་སྐབས་བརྒྱད་པ་འགོ་ཚུགས་པ་རེད། ས་གནས་དེ་གའི་མང་ཚོགས་དང་དེ་མིན་ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཞིང་རར་ཤིང་འབྲས་དང་སྔོ་ཚལ་སྣ་ཚོགས་འཐུ་བར་སླེབས། ངོ་སྤྲོད་བྱས་པར་གཞིགས་ན། པ་སྣམ་རྫོང་གིས་ཧྲན་ཏུང་བོད་སྐྱོར་གྱི་སྐུལ་ཁྲིད་དང་རོགས་སྐྱོར་འོག་དུས་ཡུན་རིང་པོ་འབད་བརྩོན་བྱས་པ་བརྒྱུད། རིམ་བཞིན་བོད་ཀྱི་ཤིང་འབྲས་དང་སྔོ་ཚལ་གྱི་འབྱུང་གནས་ཤིག་ཏུ་གྱུར་ཡོད། མིག་སྔར་པ་སྣམ་རྫོང་གིས་ཤིང་འབྲས་དང་སྔོ་ཚལ་འདེབས་པ་དང་། ཞིབ་འཇུག་གསར་སྤེལ། ཉོ་ཚོང་། ཚན་རྩལ་ཁྱབ་གདལ་གསོ་སྦྱོང་སོགས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་ཕྱོགས་བསྡུས་ཀྱི་མ་ལག་བསྐྲུན་ཡོད་པ་རེད།