ཕྱུག་འགྱུར་བྱེད་བསམས་ན་ལག་གཉིས་ལ་རྟེན་དགོས་པ་ནི་སྨོས་ཅི་དགོས། ལྷོ་ཁ་གྲོང་ཁྱེར་གྱིས་བསམ་པའི་དབུལ་སྒྲོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། མང་ཚོགས་དབུལ་པོར“ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་སློབ་གསོའི”བྱེད་སྒོ་ཤུགས་ཆེན་སྤེལ་ནས། མང་ཚོགས་ལ་རང་སྟོབས་རབ་སྤེལ་དང་དཀའ་སྤྱད་འབད་འཐབ་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཤིང་། འདི་ནི་མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང་མག་མག་གྲོང་ཚོའི་བཟོ་རྩལ་བ་སྐལ་བཟང་དབང་འདུས་ཀྱིས་ཤིང་ཕོར་བཟོ་བའི་གནས་ཚུལ་ཡིན་པ།