དབུ་ཤོག>ཞིང་འབྲོག་གསར་པ།
  • མངའ་རིས་ས་ཁུལ་གྱིས“ཏང་འཛུགས་སྐྱོང+”ལ་བརྟེན་ནས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྐོར་གྱི་བསྡུས་རིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-01

    ད་ཕན་ལོ་ཤས་རིང་དང་། ལྷག་དོན་དུ་ཉེ་ཆར་མངའ་རིས་ས་ཁུལ་གྱིས“ཏང་འཛུགས་སྐྱོང+”གྱི་འདུ་ཤེས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ། ལས་བྱེད་པའི་རོགས་ཁྲིད་ནུས་པ་བཅས་འདོན་སྤེལ་ནུས་ལྡན་བྱེད་པ་དང་། “བྱ་གཞག་དར་བ་དང་། ཡུལ་ལྗོངས་མཛེས་པ། མི་རྣམས་སྐྱིད་པ”བཅས་ཀྱི་ས་མཐོའི་མཐའ་མཚམས་ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་པ་ཞིག་བཏོད་ནས་དམར་མདངས་བཀྲ་བའི་དར་ཆས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

    “དམངས་ཕྱུག་རྣམ་པའི”ཏང་འཛུགས་སྐྱོང་། ཞིང་འབྲོག་ཁུལ་གྱི་དར་རྒྱས་ལ་གཞོལ།

    ཏང་འཛུགས་སྐྱོང་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བས་ཕྱུག་འགྱུར་ཐབས་ལམ་ཡང་མང་དུ་ཕྱིན་ཡོད། ད་ཕན་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས“ཏང་ཀྲི་པུའུ+མཉམ་ལས་ཁང+ཞིང་འབྲོག་པ(དུད་ཚང་དབུལ་པོ)”བཅས་ཀྱི་བྱེད་སྟངས་འཚོལ་ཞིབ་དང་ཁྱབ་གདལ་ཧུར་ཐག་བཏང་ནས། ཕན་ཚུན་རོགས་རམ་བྱེད་པའི་བརྒྱུད་རིམ་ནང་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་། ཐོན་ལས་འཁོར་འབྲེལ་ཁྲོད་གཞི་རིམ་ཏང་ཀྲི་པུའུ་ཡིས་ལས་དོན་སྤེལ་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་ཏང་ཡོན་མང་ཚོགས་ཕྱུག་པོ་ཆགས་པ་བཅས་བྱས་ཡོད། བསྡོམས་རྩིས་ལ་གཞིགས་ན། མིག་སྔའི་བར་མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་157བཙུགས་པ་དང་། མི་གྲངས་ཁྲི་5.1ཞུགས་པ། མ་དངུལ་སྒོར་དུང་ཕྱུར་1.22ཐོ་འགོད་བྱས་པ། གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་5051བྱུང་ཡོད།

    ས་ཁུལ་ཧྲིལ་པོར་ལྟ་སྐབས“དམངས་ཕྱུག་རྣམ་པའི”ཞིང་འབྲོག་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་སྤེལ་འགོ་ཚུགས་པ་དང་ཕན་འབྲས་ཀྱང་ཐོན་བཞིན་ཡོད། མངའ་རིས་ས་ཁུལ་གྱིས་ས་མཐོའི་རྩྭ་ཕྱུགས་དོ་སྙོམས་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ར་དང་། འབྲི་གཡག ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། “ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ་དང་། བསྡུར་ཆའི་ལེགས་ཆ་འདོན་སྤེལ་བྱེད་པ། གྲོང་ཚོ་དང་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བ། ཐོན་ལས་གཅིག་སྡུད་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། “ཐར་ཐོར་རྣམ་པ”ནས“གཅིག་སྡུད་རྣམ་པའི”ཐོན་ལས་ཅན་དུ་མགྱོགས་མྱུར་བསྒྱུར་བ་རེད།

    “ཞི་མཐུན་རྣམ་པའི”ཏང་འཛུགས་སྐྱོང་། ཡ་རབས་ཡུལ་སྲོལ་གྱིས་མི་སེམས་དྲོས།

    ད་ཕན་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “ཏང་གི་བཀའ་དྲིན་མཐའ་མཚམས་ཁུལ་དུ་ཁྱབ། མངའ་རིས་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས”ཞེས་པའི་གཞི་རིམ་གྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་འཐབ་ས་འཛུགས་སྐྲུན་ལག་ལེན་ཤུགས་ཆེན་བཏང་བ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དོན་འཁྱོལ་ནུས་ལྡན་བཅས་བྱས་ནས། ཡ་རབས་ཡུལ་སྲོལ་གྱིས་མི་སེམས་དྲོས་པར་བྱས་ཡོད།

    མངའ་རིས་ས་ཨུད་ཀྱིས་མ་དངུལ་སྒོར་ཁྲི་4100བསྡུ་སྒྲིལ་བྱས་ནས་གཞུང་ལས་གྲོས་དོན་དང་། དཔལ་འབྱོར་འཕེལ་རྒྱས། བརྟན་ལྷིང་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་། ཆ་འཕྲིན་བསྡུ་རུབ། ཏང་ཡོན་བྱེད་སྒོ་སོགས་གཅིག་ཏུ་བསྡུས་པའི“ཕྱོགས་བཅུ་གཞི་གཅིག”གི་གྲོང་ཚོ་རིམ་པའི་བྱེད་སྒོ་ཁང་གི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་དཔེ་སྟོན་ས་ཚིགས་རིམ་གྱིས་བཙུགས་ཡོད།

    རྒྱ་སྨུག་གྲོང་ཚོར་གསར་འགོད་པས་གྲོང་མིའི་བྱེད་སྒོ་ཁང་དང་། ཏང་ཡོན་གྱི་དམངས་བདེ་དམངས་ཕན་ཞབས་ཞུའི་ས་ཚིགས། རིག་རྩལ་གར་སྟེགས་སོགས་སྒྲིག་ཆས་ཆ་ཚང་པོ་ཡོད་པ་མཐོང་བ་མ་ཟད། གྲོང་ཚོའི་ཏང་འཛུགས་སྐྱོང་གི་ལས་དོན་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་ཡག་པོ་ཡོད་པ་མཐོང་། 2017ལོར་རྒྱ་སྨུག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་མི་སྐུལ་སློང་བྱས་ཏེ་མ་དངུལ་སྒོར་ཁྲི་117རང་གྲབས་བྱས་ཐོག་སྒར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བཏང་བའི་སྒོར་ཁྲི་59སྤྱད་དེ་གྲོང་ཚོ་ཡོངས་ལ་ཨར་འདམ་ལམ་བཏིངས་པ་མ་ཟད། གྲོང་ཚོའི་བཀོད་པ་དང་རྣམ་པ་ཡང་མཛེས་འགྱུར་དང་མཚར་འགྱུར། སྔོ་འགྱུར་བཅས་ཀྱི་འདུ་འགོད་ལག་ལེན་བསྟར་བས་ཞི་མཐུན་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྔར་བས་བསྐྲུན་ཐུབ་ཡོད།

    “བརྟན་ལྷིང་རྣམ་པའི”ཏང་འཛུགས་སྐྱོང་། ཟོལ་མེད་ངང་མཐའ་སྲུང་མཐའ་བརྟན་བྱས།

    བདེ་མཆོག་གྲོང་ཚོ་ནི་ཀྲུང་གོའི་ཆེས་ནུབ་རྒྱུད་ཀྱི་མཐའ་མཚམས་གྲོང་ཚོའི་གྲས་ཤིག་རེད། ད་ཕན་ལོ་ཤས་རིང་། བདེ་མཆོག་གྲོང་ཚོས་མཐའ་མཚམས་ཏང་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་བ་དང་། ཆུ་གློག་ལམ་དྲ་བ་བཅས་རིམ་གྱིས་ཤར་གཏོང་ཐུབ་པ་མ་ཟད། མང་ཚོགས་ཀྱང་ཁང་པ་གསར་པར་སྡོད་རྒྱུ་བྱུང་ཡོད།

    བདེ་མཆོག་གྲོང་ཚོའི་འཕེལ་རྒྱས་བརྟན་ལྷིང་ནི་མངའ་རིས་ཀྱི“བརྟན་ལྷིང་རྣམ་པའི”མཐའ་མཚམས་ཏང་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ཀྱི་གྲས་ཤིག་རེད། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་ཆེད། མངའ་རིས་ས་ཁུལ་གྱིས“མང་ཚོགས་ལ་བརྟེན་པའི”ཐབས་ལམ་དེར་དམ་འཛིན་ནན་པོ་བྱས་ཏེ་རྫོང་རིམ་པ་རྒན་པའི་ལས་བྱེད་པས་ཤང་འགན་གཙང་ལེན་པ་དང་། རྫོང་རིམ་པ་གཞོན་པའི་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པ། ཁོའོ་རིམ་པའི་ལས་བྱེད་པས་ཚོགས་ཆུང་འགན་གཙང་ལེན་པ། ཏང་ཡོན་གྱིས་འགན་འཁྲི་འཁུར་ཡུལ་ཁྱབ་ཁོངས་སུ་བྱས་ནས་མང་ཚོགས་ལ་འབྲེལ་བ་བྱེད་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་ཧུར་ཐག་བཙུགས་པས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ལེགས་སུ་ནུས་ལྡན་ཕྱིན་ཡོད།

    གལ་ཆེའི་དུས་ཆེན་ཆེ་གྲས་འཆར་རིམ་བཞིན་ས་ཁུལ་རིམ་ཁག་ཏང་རྩ་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། རྒྱལ་སྲུང་སློབ་གསོ་སོགས་ཧུར་ཐག་སྤེལ་ནས་མང་ཚོགས་ལ་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་བསྒྱུར་རྒྱུར་ཁྲིད་སྟོན་བྱས་ཡོད།

    དམར་མདངས་བཀྲ་བའི་དར་དམར་ལྷབ་ལྷུབ་གཡོ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལས་རིགས་དར་རྒྱས་ཆེ། རྒྱང་སྐྱོད་ལམ་བུ་གསར་པར་མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱར་དམ་པོར་དམིགས་པ། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས“བོད་ནུབ་གདོང་ལེན·གསར་བརྗེའི་མངའ་རིས”ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། མཐའ་བརྟན་དང་། མཐའ་སྲུང་། མཐའ་དར། མཐའ་རྒྱས། མཐའ་ཕན་བཅས་ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།