ཉེ་ཆར། རུ་ཐོག་རྫོང་གི་མངགས་བཅོལ་ལྟར། མངའ་རིས་ས་ཁུལ་ཡུན་ཀྲའོ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་གཉེར་བའི་རུ་ཐོག་རྫོང་གི་ཞིང་འབྲོག་པའི་ཨར་སྐྲུན་རྩལ་ནུས་གསོ་སྦྱོང་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་མ་ཟད། སློབ་མཇུག་འགྲིལ་བའི་ཡིག་རྒྱུགས་ཀྱང་བཏང་བ་རེད།
རིགས་པའི་གཞུང་ལུགས་དཔྱད་ཞིབ་དང་བཀོལ་སྤྱོད་ལག་ལེན་དཔྱད་ཞིབ་གཉིས་སུ་ཕྱེ་བའི་སློབ་མཇུག་འགྲིལ་བའི་ཡིག་རྒྱུགས་བརྒྱུད་རིམ་གྱི་ལས་འགན་མངའ་རིས་ས་ཁུལ་ལས་ཞུགས་ཅུས་དང་། རུ་ཐོག་རྫོང་མི་སྤྱི་ཅུས། གསོ་སྦྱོང་སློབ་གླིང་དང་སློབ་གྲྭ་བཅས་ཕྱོགས་གསུམ་པོས་མཉམ་དུ་འཁུར་ཞིང་། རུ་ཐོག་རྫོང་གི་སློབ་མ་30ཚང་མ་སློབ་མཇུག་འགྲིལ་བའི་ཡིག་རྒྱུགས་འཕྲོད་པ་མ་ཟད། སྔོན་དཔག་བྱས་ན། འདི་ལོའི་ཟླ་6པར་ཨར་སྐྲུན་རྩལ་ནུས་ཀྱི་ལག་ཁྱེར་རག་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རུ་ཐོག་རྫོང་གིས་ཞིང་འབྲོག་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་ཐེངས་མང་བྱས་པས་རྫོང་དེའི་ཞིང་འབྲོག་པའི་རྩལ་ནུས་ཐད་ཀྱི་ཞན་ཆ་གསབ་པའི་ཁར། ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་ཕྱིན་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་པ་ཐག་ཉེ་སར་ངལ་ནུས་ཕྱིར་གཏོང་ཐུབ་པ་དང་གཞན་ར་ལས་གས་ཐུབ་ཆེད་རྩལ་ནུས་ཀྱི་འགན་ལེན་གང་ལེགས་བྱས་ཡོད་པ་རེད།