དབུ་ཤོག>ཞིང་འབྲོག་གསར་པ།
  • མཚོ་སྨད་རྫོང་གིས“གནད་ལ་སྨིན་ཚད”མཐོ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-11

    ཝན་ནིང་ཚུན་དུ། མཚོ་སྨད་རྫོང་གིས་རྫོང་ཡོངས་ཀྱི་ནུས་ཤུཌ་གཅིག་ཏུ་སྒྲིལ་ནས། དབུལ་སྐྱོར་གྱི“གནད་ལ་སྨིན་ཚད”མཐོ་རུ་བཏང་སྟེ། གནད་སྨིན་དབུལ་རྟོགས་དང་། གནད་སྨིན་དབུལ་སྐྱོར། གནད་སྨིན་དབུལ་སྒྲོལ་བཅས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་པས། དབུལ་སྐྱོར་འགག་སྒྲོལ་དེ“ཆུ་ལེབ་གཏོང་རྣམ་པ”ནས“ཐིགས་ཆུ་གཏོང་བའི་རྣམ་པ”བར་འགྱུར་ལྡོག་བྱུང་ནས། མང་ཚོགས་དབུལ་པོར་ཁེ་ཕན་དངོས་ཐོབ་པ་དང་རིམ་བཞིན་དབུལ་སྒྲོལ་ཐུབ་པ་བྱས་པ་རེད།

    གནད་སྨིན་དབུལ་རྟོགས་བྱས་ཤིང་། “དབུལ་པོ་དངོས་འཚོལ་བའི”བླང་བྱ་གཞིར་བཟུང་། དབུལ་སྐྱོར་བྱ་ཡུལ་གྱི་འཕེལ་རྒྱས་དོན་དངོས་ལ་གཞི་ཚུགས་པ་བྱས་ནས། ལེབ་བཤེར་རྣམ་པའི་ཡོངས་བཤེར་བྱེད་པ་དང་། དུས་ངེས་གཏན་ངང་ཡིག་ཚགས་དང་གཱ་བཟོས་པའི་གྲངས་གཞིར་ལྡོག་བཤེར་དང་འཐེན་བཤེར་བྱེད་པ། ཞིང་དུད་ཀྱི་ཡོང་འབབ་དེ་རྩ་བའི་གཞི་འཛིན་སར་བྱེད་པ། ཕྱོགས་བསྡུས་ཀྱི་བསམ་བློ་བཏང་ནས་དབུལ་སྐྱོར་བྱ་ཡུལ་ལེགས་སྒྲིག་བཅས་བྱས་ཏེ། བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པའི་མང་ཚོགས་དབུལ་པོ་དུས་ཐོག་ཏུ་ཕྱིར་འཐེན་ཐུབ་པ་དང་། རོགས་སྐྱོར་བྱེད་དགོས་ངེས་ཀྱི་དབུལ་སྐྱོར་བྱ་ཡུལ་དུས་ཐོག་ཏུ་བཅུག་ཐུབ་པ་བྱས་ནས། དབུལ་སྐྱོར་བྱ་ཡུལ་གྱི་ཆ་འཕྲིན་བདེན་པ་དང་། བློས་འགེལ་ཆོག་པ། གོ་ཆོད་པ་བཅས་ཡིན་པའི་འགན་ལེན་བྱས་ཡོད།

    གནད་སྨིན་དབུལ་སྐྱོར་བྱས་ཤིང་། མང་ཚོགས་དབུལ་པོ་ཞིབ་དཔྱད་བྱས་པའི་འབྲས་བུ་གཞིར་བཟུང་། རྫོང་ཡོངས་ཀྱི་དུད་ཚང་1051གི་མི་འབོར་དབུལ་པོ་3401ལ“ཁག་གཅིག་རེ་ལྔའི”དབུལ་སྒྲོལ་སྲིད་ཇུས་ལྟར་ཚལ་ཐོ་རྣམ་པའི་དབུལ་སྒྲོལ་ལག་བསྟར་བྱས་པ་དང་། སྲིད་གཞུང་དང་། དུད་ཚང་དབུལ་པོ། ལས་རིགས་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས། དུད་ཚང་ཚང་མར་དབུལ་སྒྲོལ་གྱི་བྱ་ཐབས་ལྡན་པ་བྱས་ཡོད།

    གནད་སྨིན་དབུལ་སྒྲོལ་བྱས་ཤིང་། གནད་སྨིན་ཕྱིར་འཐེན་གྱི་གོ་རིམ་དང་ཐབས་ཤེས་གཞིར་བཟུང་། ལས་ཀའི་གོ་རིམ་ལག་བསྟར་ནན་ཏན་བྱས་པ་དང་། ཚོགས་འདུ་དང་། སྤྱི་བསྒྲགས། མིང་རྟགས་འགོད་པ་སོགས་ཀྱི་བྱེད་སྒོ་བེད་སྤྱོད་གང་ལེགས་བྱས་ནས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ཁ་གསལ་དང་ཚད་ལྡན་ཡོང་བ་བྱས་ཡོད། དེ་དང་ཆབས་ཅིག་རྫོང་ཡོངས་ཀྱི་ལོ་60ཡན་དང་རིག་གནས་ཆུ་ཚད་དམའ་བའི་མི་འབོར་དབུལ་པོས་ཡོང་འབབ་ཀྱི་ཡོང་ཁུངས་དང་། ལོངས་སྤྱོད་ཆོག་པའི་སྲིད་ཇུས། རོགས་སྐྱོར་བྱ་ཐབས་བཅས་གསལ་པོ་མི་ཤེས་པའི་གནད་དོན་ལ་དམིགས་ནས། གྲོང་སྡོད་ལས་དོན་རུ་ཁག་དང་རོགས་སྐྱོར་འགན་འཁུར་མི་སྣ་སྒྲིག་འཛུགས་བྱས་ཏེ་འདྲི་རྟོགས་གཏིང་ཟབ་བྱེད་པ་དང་། དུད་ཚང་དབུལ་པོར་རོགས་སྐྱོར་སྲིད་ཇུས་དང་བྱ་ཐབས་ཁས་ལེན་བྱེད་པའི་མིང་རྟགས་འགོད་དུ་འཇུག་པ། དུད་ཚང་དབུལ་པོ་དང་མཉམ་དུ་ཡོང་འབབ་ཀྱི་རྩིས་ཁྲ་ཡག་པོ་བཟོ་བ་དང་། གཏོང་སྒོའི་རྩིས་ཁྲ་ཡག་པོ་བཟོ་བ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཚོས་སེམས་གཏིང་ནས་རྩིས་ཁྲ་དེ་ཁས་ལེན་ཐུབ་པ་བྱུང་བ་དང་། 2017ལོར་རྫོང་ཡོངས་སུ་དུད་ཚང་360ཡི་མི་1163དབུལ་སྒྲོལ་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།