
ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་སྣོད་བཅུད་བཟོ་ལས་གླིང་དུ་ཡོད་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བོད་ཁྱིམ་འབྲི་གཡག་མ་རྐང་ཚད་ཡོད་ཀུང་སིས་འབྲི་གཡག་གསོ་ཚགས་དང་ལས་སྣོན་བྱ་རྒྱུ་གཙོ་བོར་བྱེད་ཀྱི་ཡོད། ཀུང་སིས་ཐོན་སྐྱེད་བྱས་པའི་ཚགས་ཤ་སོས་པ་དང་། ཚགས་ཤ་སྐམ་པོ། ཚགས་ཤ་བསྙལ་མ་སོགས་ལ་ལྗོངས་ཕྱི་ནང་གི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེས་འབྲོག་ལས་འཕེལ་རྒྱས་འགྲོ་བར་འཁོར་རྒྱུག་ཡག་པོ་བྱུང་ལ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་འབོར་ཆེན་ཞིག་དབུལ་སྒྲོལ་འབབ་འཕར་ཡོང་བར་ཡང་སྐུལ་ཁྲིད་ནུས་ལྡན་ཐུབ་ཅིང་། འདི་ནི་ལས་དོན་མི་སྣས་ཐོན་སྐྱེད་འཁོར་ཁང་ནང་ཚགས་ཤ་ལས་སྣོན་བྱེད་པའི་གནས་ཚུལ་ཡིན་པ།