དབུ་ཤོག>ཞིང་འབྲོག་གསར་པ།
  • རྒྱ་ཚ་རྫོང་གི་ཞིང་འབྲོག་པ་དབུལ་པོའི་གཡོས་སྦྱོར་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-15

    རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་ཞིང་འབྲོག་མང་ཚོགས་ལ་ལག་ཤེས་སྣ་གཅིག་བསླབས་ཏེ་ལས་ཞུགས་ཐབས་ལམ་མང་དུ་གཏོང་བ་དང་འབབ་འཕར་ཕྱུག་འགྱུར་གོམ་སྟབས་མགྱོགས་སུ་གཏོང་ཆེད། ཉིན་ཤས་གོང་དབྱི་ཁྲང་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཙོ་གཉེར་དང་རྒྱ་ཚ་རྫོང་མི་སྤྱི་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་ཞིང་འབྲོག་པ་དབུལ་པོའི་གཡོས་སྦྱོར་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དངོས་སུ་སློབ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་གི་དུས་ཡུན་ཉིན་20ཡིན་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་38གསོ་སྦྱོང་ལ་ཞུགས་ཡོད། གསོ་སྦྱོང་འཛིན་གྲྭས་དབྱི་ཁྲང་གྲོང་ཁྱེར་སྤྱི་པའི་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་གཡོས་སྦྱོར་ཆེད་ལས་དགེ་རྒན་གདན་དྲངས་ནས་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་དཔེ་སྟོན་གསལ་འགྲེལ་དང་ལག་ལེན་དངོས་ཀྱི་བཀོལ་སྤྱོད་གསོ་སྦྱོང་ཟུང་འབྲེལ་བྱེད་སྟངས་སྤྱད་པ་དང་། རྒྱ་ཚའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཞིང་འབྲོག་པར་སློབ་ཡོན་མི་དགོས་པར་གསོ་སྦྱོང་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་གཡོས་སྦྱོར་རྩལ་ནུས་ཆེ་རུ་ནུས་ལྡན་བཏང་ཡོད། དེ་དང་དུས་མཚུངས་སློབ་མཇུག་འགྲིལ་ནས་ཞིབ་དཔྱད་བྱས་པའི་སྦྱངས་འབྲས་ཚད་ལོན་མཁན་ལ“ཀྲུང་ལུགས་གཡོས་སྦྱོར་བའི”ལས་རིགས་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུ་དང་འབྲེལ་བཟའ་བཏུང་ཁེ་ལས་ཆེ་གྲས་ཁག་ལ་ལས་ཞུགས་བྱེད་པའི་གོ་སྐབས་ཀྱང་ཐོབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།