
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་པ་དང་ཐོན་ལས་རིམ་སྤོར་སྒྱུར་བཀོད་ལ་ཟམ་མི་ཆད་པར་རྒྱབ་སྐྱོར་གྱིས་ཁྱད་ལྡན་ཐོན་ལས་ཁག་གཅིག་གོང་འཕེལ་བྱུང་ནས་ཁྱད་ལྡན་ལས་སྣོན་ལས་རིགས་གོང་འཕེལ་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་རམ་འདེགས་ནུས་ལྡན་བྱས་ཡོད། བོད་ལྗོངས་རིན་སྤུངས་རྟ་ར་བའི་ནས་ཆང་2007ལོར་ཐོན་སྐྱེད་བྱས་པ་ནས་བཟུང་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་པ་དང་། ད་ཆར་འཐུས་སྒོ་ཚང་བའི་ནས་ཆང་འབྲེལ་ཐག་ཅིག་ཆགས་ཤིང་། འདི་ནི་རྟ་ར་བའི་ནས་ཆང་བཟོ་གྲྭའི་ཟུར་ཞིག་ཡིན་པ།