དབུ་ཤོག>ཞིང་འབྲོག་གསར་པ།
  • མངའ་རིས་ཀྱིས་ལོ་སྟོད་དུ་དབུལ་ཕོངས་ཞིང་འབྲོག་པར་རྩལ་ནུས་སྦྱོང་བརྡར་སྤྲོད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2017-09-27

    ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་དབུལ་ཕོངས་ཞིང་འབྲོག་པའི་རྩལ་ནུས་སྦྱོང་བརྡར་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཆབས་ཅིག  ལས་རིགས་ཀྱི་རྩལ་ནུས་ལ་ཆོད་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་ཕོངས་ཞིང་འབྲོག་པའི་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་མཐོ་རུ་ཏན་ཏིག་བཏང་བ་དང་།  མི་གཅིག་ལ་སྦྱོང་བརྡར་སྤྲད་ནས་ལས་ཞུགས་ཐུབ་སྟེ་དུད་ཚང་གཅིག་དབུལ་སྒྲོལ་དང་བདེ་འཁོད་ཡོང་བ་བྱེད་དགོས་པའི་ལས་ཀའི་དམིགས་ཚད་ཧུར་ཐག་བསྒྲུབས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ལོ་སྟོད་ཀྱི་ཟླ་བ་བདུན་ནང་མངའ་རིས་ས་ཁུལ་གྱིས་བརྐོ་འདྲུ་འཕྲུལ་འཁོར་གཏོང་སྟངས་དང་ཟ་ཁང་གི་ཞབས་ཞུ་སོགས་ཀྱི་སྦྱོང་བརྡར་དུས་ཐེངས 48 སྤེལ་ཏེ།  མི 1340 སྦྱོང་བརྡར་སྤྲད་ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་གི་མི 620 དང་།  སྦྱོང་བརྡར་སྤྲད་པ་བརྒྱུད་ལས་ཞུགས་ཐུབ་པའི་མི་གྲངས 720ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་གི་མི་གྲངས390 ཡོད།

    མངའ་རིས་ས་ཁུལ་ལས་ཞུགས་ཅུད་ཀྱིས་ལས་རིགས་རྩལ་ནུས་ཀྱི་ཆོད་སྡོམ་ཚད་གཞི་ལོན་པའི་སྦྱོང་བརྡར་རྣམ་གྲངས་ནང་ཞུགས་མཁན་ཞིང་འབྲོག་པ་ཚོར་ལས་རིགས་རྩལ་ནུས་ཀྱི་ཆོད་སྡོམ་བྱེད་པ་མ་ཟད།  ཚད་ལོན་མི་སྣར་ལས་རིགས་ཐོབ་ཐང་ལག་འཁྱེར་སྤྲད་པ་རེད།  ད་ལོའི་ཚུན་དུ་ལས་རིགས་རྩལ་ནུས་ཀྱི་ཆོད་སྡོམ་བྱས་པའི་མི་ཐེངས360ཡོད་པའི་ནང་།  དབུལ་ཕོངས་མང་ཚོགས200ཡོད་པ་དང་ཆོད་སྡོམ་གྱི་ཚད་གཞི་ལོན་མཁན356ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།