གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱལ་མཚན་གྱིས་སྤོབས་པ་ཆེན་པོས“ནུབ་སྟོད་གྲོང་ཚོ་ནི་རྒྱལ་རྩེ་རྫོང་དུ་སྐད་གྲགས་ཆོད་པའི་གྲོང་ཚོ་ཞིག་ཡིན་དོན་ནི། གྲོང་ཚོ་འདིའི་འཕེལ་རྒྱས་མྱུར་བ་དང་མང་ཚོགས་ཀྱི་ཡོང་འབབ་མཐོ་བ་མ་ཟད། ད་དུང་འདི་གའི་དམངས་སྲོལ་གཞུང་དྲང་བབ་ཆགས་དང་། གྲོང་པ་ཁྱིམ་མཚེས་འཆམ་མཐུན། གྲོང་མི་ཚོར་དགེ་སྒྲུབ་ཡར་བརྩོན་བཅས་ཀྱི་བསམ་བློ་ལྡན་པས་རེད”ཅེས་གསར་འགོད་པར་བཤད།
“ཕྱི་རོལ་གྱི་འཇིག་རྟེན་ཤེས་རྟོགས་ཐུབ་ཚེ་ཚང་མས་རྙིང་ཞེན་བག་འཁུམ་གྱི་བསམ་བློ་དེ་དག་དོར་ཐུབ་ནས་དུས་བསྟུན་འཕེལ་རྒྱས་དངོས་འབྲེལ་ཡོང་ངེས་རེད་ལ། གྲོང་ཚོ(གྲོང་མི)དངོས་འབྲེལ་འཕེལ་རྒྱས་དང་འཆམ་མཐུན་ཡོང་ཐུབ་པ”ནི་སྐབས་དེ་དུས་ཀྱི་ནུབ་སྟོད་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་ར་སྤྲོད་བྱས་པ་ཞིག་རེད།
དུས་དེ་ནས་བཟུང་། ནུབ་སྟོད་གྲོང་ཚོས་རྟག་ཏུ་ཏང་ཡོན་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཕྱིར་སྔོན་ཐོན་གྲོང་ཚོའི(གྲོང་མི)ལས་ཀའི་ཉམས་མྱོང་དང་གྲོང་ཚོ(གྲོང་མི)འཕེལ་རྒྱས་གཏོང་ཐབས་བཟང་པོ་སློབ་སྦྱོང་བྱས་ནས་གྲོང་ཚོའི(གྲོང་མི)འཕེལ་རྒྱས་ཆེད་ཉམས་མྱོང་བཟང་པོའི་དཔྱད་གཞི་མཁོ་འདོན་བྱས་ཡོད།
རྒྱལ་མཚན་གྱིས“གྲོང་ཚོའི(གྲོང་མི)ཁོར་ཡུག་བཟང་པོ་དེ་མཁྲེགས་ཆས་སྒྲིག་བཀོད་ལེགས་སུ་བཏང་བ་དང་ཁ་འབྲལ་ཐབས་མེད་ལ་གྲོང་མིའི་རང་ཐག་རང་གཅོད་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དང་དེ་བས་ཀྱང་ཁ་འབྲལ་ཐབས་མེད”ཅེས་བཤད།
ལོ་འགའི་རིང་། ནུབ་སྟོད་གྲོང་ཚོས་སྨི་3500ཡོད་པའི་གྲོང་ཚོའི་ལམ་དང་ཞིང་ནང་གི་མ་ལམ་ཉམས་བཟོ་བྱས་ནས་ཞིང་ནང་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་དཀའ་བའི་གནད་དོན་རྦད་དེ་ཐག་གཅོད་བྱས་པ་དང་། འཐུང་ཆུའི་ལས་གྲྭ་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། སྨི་6500ཡོད་པའི་ཉིང་ལག་ཆུ་ཡུར་ཉམས་བཟོ་བྱས་པ། ཞིང་ཁའི་གཞི་རྩའི་འཛུགས་སྐྲུན་དང་ས་རྒྱུ་གཤིན་དུ་བཏང་ཡོད་པ་རེད།
གྲོང་ཚོའི(གྲོང་མི)རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དེས་གྲོང་ཚོའི་དཔལ་འབྱོར་ཡང་ལེགས་སུ་ཕྱིན་ཡོད་པ་རེད།
2008ལོར། ནུབ་སྟོད་གྲོང་ཚོས་རྒྱལ་རྩེ་རྫོང་གིས་ཕྱོགས་ཡོངས་ནས་གྲོང་ཚོའི་ཨུ་ལྷན་བསྐྲུན་པའི་གོ་སྐབས་དམ་འཛིན་བྱས་ཏེ་ན་གཞོན་གྲོང་མི་25སྒྲིག་འཛུགས་བྱས་ནས་ཨར་ལས་རུ་ཁག་བཙུགས་པ་དང་། མ་དངུལ་བསྡུ་རུབ་བྱས་ནས་འཛུགས་སྐྲུན་ཡོ་བྱད་ཉོས་པས་ད་ཆ་ལོའི་ཡོང་འབབ་སྒོར་ཁྲི་30ཡན་ཟིན་གྱི་ཡོད་པ་རེད།
2006ལོར། ནུབ་སྟོད་གྲོང་ཚོས་ཁྱད་ལྡན་ཞིང་ཁུལ་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་བཞོན་མ་གསོ་ཚགས་རྣམ་གྲངས་བརྩོན་ལེན་བྱས་ཏེ་གྲོང་མིས་བཞོན་མ་གསོ་ཚགས་བྱེད་ཕྱིར་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཡོད། མིག་སྔར་གྲོང་ཚོ་ཡོངས་ཀྱི་དུད་ཚང་130ལྷག་ཙམ་སྤྱིར་ན་བཞོན་མ་གསོ་ཚགས་ཆེད་ལས་དུད་ཚང་ཡིན་པ་དང་ལོར་ཆ་སྙོམས་དུད་ཚང་རེར་ཡོང་འབབ་ཁེ་གཙང་སྒོར་8000འཕར་ཡོད་པ་རེད།
2012ལོར། ནུབ་སྟོད་གྲོང་ཚོའི་གྲོང་མིས་མ་དངུལ་བསྡུ་རུབ་བྱས་ཏེ་ཞིང་སྤྱོད་འདྲུད་འཐེན་འཕྲུལ་འཁོར་ཉོས་ནས་ནུབ་སྟོད་གྲོང་ཚོའི་ཞིང་འཕྲུལ་མཐུན་ཚོགས་བཙུགས་ཡོད། མིག་སྔའི་བར་མཐུན་ཚོགས་དེའི་ལོའི་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ཟིན་པ་དང་ལས་ཞུགས་ཐུབ་པའི་གྲོང་མིའི་ལོའི་ཡོང་འབབ་སྒོར་7000ལྷག་ཙམ་ཟིན་གྱི་ཡོད་པ་རེད།
“ནུབ་སྟོད་གྲོང་ཚོར་ད་ཆའི་འཕེལ་རྒྱས་ནི་ང་ཚོའི་ཧྲུའུ་ཅི་རྒྱལ་མཚན་གྱི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། ཁོང་ནི་ཏང་གིས་ང་ཚོར་གནང་བའི“ཧྲུའུ་ཅི་ཡག་ཤོས”ཤིག་ཡིན་ཞེས་པ་ནི་ནུབ་སྟོད་གྲོང་ཚོ་ནས་གསར་འགོད་པས་ཐོས་མང་ཤོས་ཀྱི་སྐད་ཆ་ཞིག་རེད།
གྲོང་མིར་དཀའ་ངལ་འཕྲད་རིམ་བཞིན་རྒྱལ་མཚན་གྱིས་རྟག་ཏུ་སེམས་རྩ་འཁོལ་པོས་རོགས་རམ་བྱས་ནས་མང་ཚོགས་ལ་མང་ཤོས་ལ་སྒོར་ཆིག་སྟོང་ཉིས་སྟོང་དང་ཉུང་ཤོས་ལའང་སྒོར་བརྒྱ་ཉིས་བརྒྱ་ཡི་རོགས་རམ་བྱེད་ཀྱི་ཡོད། སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མར་བྱ་དགའ་སྤྲད་དེ་ཁོང་ཚོ་སློབ་གྲྭར་བསྐྱོད་རྒྱུར་ལྕག་སྐུལ་བྱེད་ཀྱི་ཡོད། ལོ་ལྟར་གྱི་སྟོན་བསྡུའི་རྗེས་སུ་རྒྱལ་མཚན་གྱིས་ཉོ་སྒྲུབ་མཁན་དང་བཟོ་གྲྭ་དང་འབྲེལ་བ་བྱས་ཏེ་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་མང་ཚོགས་ཚོའི་སེམས་ཁྲལ་སེལ་གྱི་ཡོད།
རྒྱལ་མཚན་འདྲ་བའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་མང་པོའི་སྣེ་ཁྲིད་འོག་ནུབ་སྟོད་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་། ཏང་འཛུགས་སྐྱོང་དང་དོ་དམ། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་སྟེ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ”དང་། “རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་མཉམ་སྡེབ”“གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་སྔོན་ཐོན་གྲོང་ཚོ”བཅས་སུ་བདམས་ཐོན་བྱུང་ཡོད་པ་རེད།
ནུབ་སྟོད་གྲོང་ཚོར་ཤེས་བྱར་བརྩོན་གཉེར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ཞིང་དལ་སྐབས་གྲོང་ཚོའི་ཞིང་པའི་དཔེ་དེབ་ཁང་ནང་མིས་ཁེངས་པ་དང་། གྲོང་ཚོའི་ནང་ཟླ་བ་མི་རེ་ངོ་རེར་དཔེ་ཀློག་ཚོགས་འདུ་ཐེངས་རེ་འཚོགས་ནས་ཤེས་རྒྱ་ཆེ་རུ་གཏོང་བ་དང་གྲོང་སྡོད་ལས་དོན་རུ་ཁག་གདན་ཞུ་བྱས་ཏེ་གྲོང་མིར་དཔེ་དེབ་ཡག་པོ་འོས་སྦྱོར་བྱེད་ཀྱི་ཡོད་པ་རེད།
“འཆམ་མཐུན་ལྡན་པའི་ནུབ་སྟོད་གྲོང་ཚོར་འཚོ་བ་སྐྱེལ་སྐབས་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་འགྲོ་གི་འདུག”ཅེས་ནུབ་སྟོད་གྲོང་ཚོའི་ཞིང་པའི་དཔེ་དེབ་ཁང་དུ་དཔེ་དེབ་ལྟ་བཞིན་པའི་གྲོང་མི་མིག་དམར་ནོར་རྒྱས་ཀྱིས་གསར་འགོད་པར་བཤད།