གངས་ལྗོངས་ཀྱི་མཐའ་མཚམས་སུ་ཏང་དར་ལྷབ་ལྷུབ་གཡོ།
ཀུན་གྱིས་རི་ཆུ་མཛེས་ལ་མི་རྣམས་དེ་བས་བཟང་བའི་སྤུ་ཧྲེང་ལ་བསྟོད་པའི་བསྔགས་པ་ཕུལ་བར་བྱེད།
འདི་གར་གནས་རི་དང་གནས་མཚོ་ཡོད་པས་འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་པ་དང་། དྭངས་ཤིང་གཙང་བའི་མཁའ་རླུང་ཡོད་ལ། ཐོན་ཁུངས་ཕུན་སུམ་ཚོགས་པ་མ་ཟད། ལས་ལ་བརྩོན་པའི་མཐའ་མཚམས་མང་ཚོགས་དང་ཡར་རྒྱས་བརྩོན་ལེན་གྱི་ཏང་ཡོན་ལས་བྱེད་པ་ཡང་ཡོད།
སྤུ་ཧྲེང་རྫོང་ཏང་གི་འཐུས་མི་ཚོགས་འདུ་ཐེངས་དགུ་པ་འཚོགས་ཚུན། སྤུ་ཧྲེང་རྫོང་གི་སྐབས་གསར་པའི་རྫོང་ཨུད་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ས་ཁུལ་བཅས་ཀྱི་སྤྱིའི་བཀོད་སྒྲིག་ལྟར་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དང་པོ་ཏན་ཏིག་འཁུར་བ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་བྱེད་པ། རྒྱུན་ཆད་མེད་པར་ཏང་གིས་རྒྱལ་ཁབ་གསུམ་འབྲེལ་མཚམས་སུ་གནས་པའི་སྤུ་ཧྲེང་རྫོང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། རྫོང་ཡོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
“སྤུ་ཧྲེང་གི་གདོང་ལེན་པ”བཏོད་ནས་ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།
འདི་ལོའི་ལོ་འགོར་སྤུ་ཧྲེང་རྫོང་ཨུད་ཀྱིས་མངའ་རིས་ས་ཨུད་ཀྱིས་བཀོད་སྒྲིག་བྱས་པའི“བོད་ནུབ་ཀྱི་གདོང་ལེན་པ། གསར་བརྗེའི་མངའ་རིས”ཞེས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལས་དོན་དང་ཟུང་འབྲེལ་གྱིས“སྤུ་ཧྲེང་གི་གདོང་ལེན་པའི”ཏང་འཛུགས་སྐྱོང་འདུ་འགོད་ལག་ལེན་བསྟར་རྒྱུ་རྫོང་ཨུད་ཀྱི“ལྔ་ལྔའི་འཐབ་ཇུས”ཀྱི་གཙོ་གནད་ལ་བརྩིས་པ་དང་སྦྲགས། ལྟེ་བའི་མཁར་རྫོང་གི་འདུ་འགོད་དང་། བྱང་ཚད་མཐོར་གཏོང་འདུ་འགོད། འཐབ་ས་འཛུགས་སྐྱོང་འདུ་འགོད། ནུས་སེམས་གཅིག་སྒྲིལ་འདུ་འགོད། རིག་གནས་སྣེ་འདྲེན་འདུ་འགོད་བཅས་ཡན་ལག་རྣམ་གྲངས་ལྔ་ཞིབ་དབྱེ་ཕྲལ་གསེད་བྱས་པ་དེ་རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཕྱོགས་སྟོན་དུ་གྱུར་ཡོད།“རང་ཉིད་རྫོང་ཨུད་ཧྲུའུ་ཅིའི‘འགོ་ཁྲིད’ཆགས་ཡོང་སྙམ་པ་བསམ་པའི་ཡུལ་ལ་མ་བྱུང”ཞེས་སྤུ་ཧྲེང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་མང་ཚོགས་ཀྲི་པུའུ་དང་པོའི་ཧྲུའུ་ཅི་ལི་ཧའེ་རུང་གིས་བཤད།
ལི་ཧའེ་རུང་ནི་རྫོང་ཨུད་གཞུང་དོན་ཁང་གི་ཏང་ཡོན་ལས་བྱེད་པ་དཀྱུས་མ་ཞིག་ཡིན་པ་དང་རྣམ་ཀུན་སེམས་རྩ་འཁོལ་ལ་ལས་ཀར་ཧུར་བརྩོན་ཆེ་བས། ན་ནིང་རྫོང་ཐད་གཏོགས་ལས་ཁུངས་ལེགས་སྒྲིག་དང་ཀྲི་པུའུ་འདེམས་བསྐོའི་ནང་ཏང་ཡོན་མང་ཚོགས་ཀྱི་ཀྲི་པུའུ་དང་པོའི་ཧྲུའུ་ཅིར་འདེམས་བསྐོ་བྱས་པ་དང་། རྫོང་ཨུད་ཀྱི་ཧྲུའུ་ཅི་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། དྲིལ་བསྒྲགས་པུའི་པུའུ་ཀྲང་སོགས་རྫོང་ཨུད་ཀྱི་རྒྱུན་ཨུ་ཚང་མ་ཀྲི་པུའུ་འདིའི་ནང་ཡོད་པ་རེད།
2016ལོར་སྤུ་ཧྲེང་རྫོང་ཨུད་སྐབས་བརྗེས་རྗེས། དོན་དངོས་ལ་གཞིགས་ནས་ལས་ཁུངས་ཏང་རྩ་འཛུགས་ལེགས་སྒྲིག་བྱས་ནས་ཏང་ཡོན་ཡིན་པའི་རྫོང་རིམ་པའི་ལས་བྱེད་པ་29ཡི་རྩ་འཛུགས་འབྲེལ་བ་ལས་བགོས་ལྟར་ལས་ཁུངས་ཀྱི་ཀྲི་པུའུ་20ལ་ཁག་སོ་སོར་བགོས་ཐོག ཏང་ཡོན་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་གཉིས་ཀྱི་འཚོ་བར་ཞུགས་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་ཡོན་གཞན་པར་མིག་དཔེའི་ནུས་པ་བཏོན་པ་རེད།
ན་ནིང་ས་ཁུལ་དང་། རྫོང་། ཤང་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག སྤུ་ཧྲེང་གྲོང་རྡལ་ཁྲི་སྡེ་གྲོང་ཚོས་ཕྱོགས་ཁག་གི་མ་དངུལ་སྒོར་ཁྲི་110ལྷག་བརྩོན་ལེན་དང་། རང་གྲབས་སྒོར་ཁྲི་30བྱས་པ། དངུལ་བུན་སྒོར་ཁྲི་60གཡར་བ་བཅས་བྱས་ནས་བསྡོམས་མ་དངུལ་སྒོར་ཁྲི་200བཏང་སྟེ་གྲོང་ཚོ་རིམ་པའི་བྱེད་སྒོ་ཁང་དང་། མང་ཚོགས་ཀྱི་ཚོགས་ཁང་། ཏང་ཡོན་གྱི་བྱེད་སྒོ་ཁང་། དབུལ་སྒྲོལ་འགག་སྒྲོལ་གཞུང་དོན་ཁང་། གྲོང་ཚོའི་ལོ་རྒྱུས་ཁང་། གློག་བརྙན་ཁང་། སྒོ་རྩིས་ཚོང་ཁང་བཅས་ཆ་ཚང་བསྐྲུན་ནས་ཏང་གི་རྩ་འཛུགས་འཚོ་བ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་བྱེད་སྒོ་ཁག་སྤེལ་རྒྱུ་དེ་བས་ཚད་ལྡན་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། གྲོང་ཚོ་ཨུ་ལྷན་ཡང་མང་ཚོགས་ཚོ་ཞར་དང་ཞོར་ལ་འཛོམས་སར་གྱུར་ཏེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།
“ལས་ཁུངས་ཏང་ཡོན་ལ་རང་ཉིད་ཀྱི་བྱེད་སྒོ་སྤེལ་ཡུལ་དགོས་པ་དང་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་དེ་ཉིད་དགོན་སྡེ་ལས་ཡིད་དབང་འཕྲོགས་ཤུགས་ཆེ་བ་དགོས”ཞེས་སྤུ་ཧྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཧུའེ་ཡིས་རྫོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་ནན་གྱིས་བརྗོད།
སྤུ་ཧྲེང་རྫོང་གིས་མི་རེར་ཆ་སྙོམས་སྒོར་2000ཡི་ཚད་གཞིའི་ཐོག་ནས་ལས་ཁུངས་ཏང་འཛུགས་སྐྱོང་གི་འགྲོ་གྲོན་ནོར་སྲིད་ཀྱི་སྔོན་རྩིས་ནང་བཅུག་པར། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་འགྲོ་གྲོན་གྱི་སྔོན་རྩིས་ཁོ་ན་སྒོར་ཁྲི་133ཟིན་པ་དང་། ཤང་གྲོང་དང་གྲོང་ཚོ་དང་གྲོང་ལྷན་གྱི་ཏང་འཛུགས་སྐྱོང་འགྲོ་གྲོན་བསྣན་ན་རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་མ་དངུལ་སྒོར་ཁྲི་300ལས་བརྒལ་བ་བཏང་ཡོད། ལྷག་པར་དུ་ལས་ཁུངས་ཏང་འཛུགས་སྐྱོང་གི“སྒྲོན་འོག་མུན་པའི”གནད་དོན་ལ་དམིགས་ཏེ་རྫོང་ཨུད་ཀྱིས་ནུས་ཤུགས་ཡོད་རྒུས་ལས་ཁུངས་ཀྲི་པུའི་ཚན་ཁག་སྟོབས་ཆེར་བཏང་བ་དང་ལས་ཁུངས་ཏང་ཡོན་བྱེད་སྒོའི་འཐབ་སའི་ཆ་རྐྱེན་རིམ་བཞིན་ལེགས་སུ་བཏང་ནས་ཀྲུང་དབྱང་གི“ཏང་གི་ལས་དོན་ཐ་དག་ཀྲི་པུའུ་བར་ཁྱབ་དགོས་པའི”བླང་བྱ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱས་ཡོད་པ་རེད།
ད་ཆ་སྤུ་ཧྲེང་རྫོང་གི་ཏང་འཛུགས་སྐྱོང་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། “བོད་ནུབ་ཀྱི་གདོང་ལེན། གསར་བརྗེའི་མངའ་རིས”དང“སྤུ་ཧྲེང་གི་གདོང་ལེན”གྱི་ཏང་འཛུགས་སྐྱོང་འདུ་འགོད་མི་སེམས་སུ་ཟུག་ཡོད་པ་རེད།
“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་དཔུང་ཁག་གི་བྱང་ཚད་མཐོ་རུ་བཏང་བ།
“《དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ནང་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་ལམ་ལུགས་ལ་བླང་བྱ་ནན་པོ་བཏོན་པ་དང་། ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་ལམ་ལུགས་གཙོ་བོ་གང་དག་ཡོད་དམ”“《ཚད་གཞིའི》ནང་ཆོས་དད་རང་མོས་ལ་བཀག་སྡོམ་རང་བཞིན་གྱི་བླང་བྱ་གང་བཏོན་ཡོད་དམ”“རྫོང་ཨུད་ཀྱིས་བཏོན་པའི‘ལྔ་ལྔའི་འཐབ་ཇུས’ཀྱི་ནང་དོན་གང་ཡིན་ནམ”—— འདི་དག་ནི་འདི་ལོའི་སྤུ་ཧྲེང་རྫོང་གི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་སློབ་སྦྱོང་དང་ཡིག་རྒྱུགས་ཐེངས་གཉིས་པའི་ནང་དོན་ཁག་གཅིག་རེད།
འདི་ལོ་ཚུན་དུ། སྤུ་ཧྲེང་རྫོང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བའི་ཁྲོད། “ཡིག་རྒྱུགས་དང་། ཚོད་རྒྱུགས། དཔྱད་དཔོག”བཅས་ཀྱི་ལམ་ལུགས་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་ཏེ་ལོ་ཧྲིལ་པོར་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དང་ཡིག་རྒྱུགས་ཐེངས་4གཏོང་རྩིས་ཡོད་པ་དང་། མིག་སྔར་ཡིག་རྒྱུགས་ཐེངས་གཉིས་བཏང་ཟིན་ནས་ཡིག་རྒྱུགས་བཏང་བ་བརྒྱུད་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སློབ་སྦྱོང་སློབ་གསོ་སྤེལ་ཏེ“ཡིག་རྒྱུགས”ལ་བརྟེན་ནས“སློབ་སྦྱོང”བྱ་རྒྱུར་སྐུལ་འདེད་བཏང་ཡོད། 《ཏང་ཡོན་གྱི་དམངས་གཙོའི་ཚད་ལེན་དཔྱད་དཔོག་གི་བཀག་རྒྱའི་གསལ་ཐོ》བཟོས་ནས་ཚད་ལེན་དཔྱད་དཔོག་བྱས་འབྲས་གཞིར་བཟུང་ཚད་གཞི་མ་ལོན་པའི་ཏང་ཡོན་གྱི་འོས་མི་རགས་ཙམ་བདམས་པ་མ་ཟད། སོ་སོར་སྐྱོན་བརྗོད་སློབ་གསོ་དང་། དུས་བཀག་ལྟར་ཡོ་བསྲང་། ཏང་ཁོངས་ནས་ཕྱིར་འདོན་རྒྱུའི་ཁ་ཏ་བྱེད་པ། ཕྱིར་འབུད་གཏོང་བ་སོགས་ཀྱི་ཐག་གཅོད་བྱས་ཏེ་རྫོང་ཡོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
འདི་ལོའི“བདུན་གཅིག”གི་སྔ་ནུབ་ཏུ་རྫོང་ཡོངས་ཀྱི་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཀྲི་པུའུ་20ཡི་རྒྱ་ཆེའི་ཏང་ཡོན་ཚོས་གཟའ་མཇུག་གི་དུས་ཚོད་སྤྱད་དེ་འབྲེལ་གཏུག་བྱ་ཡུལ་གྲོང་ཚོ་དང་གྲོང་ལྷན་ཀྲི་པུའུ་དང་མཉམ་དུ་མཉམ་གཏོད་བྱེད་སྒོ་སྤེལ་བ་དེ་ནི་སྤུ་ཧྲེང་རྫོང་ཨུད་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཁྲོད་སྤེལ་བའི་ལས་ཁུངས་ཀྱི་ཀྲི་པུའུ་དང་གྲོང་ཚོ་དང་གྲོང་ལྷན་ཀྲི་པུའི“2+1”གི་མཉམ་གཏོད་བྱེད་སྒོ་སྤེལ་བ་ཞིག་ཡིན་པ་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཀྲི་པུའུ་2དང་གྲོང་ཚོ་དང་གྲོང་ལྷན་གྱི་ཀྲི་པུའུ་1དབར་ཆ་སྒྲིག་ནས་ཕན་ཚུན་ཆ་སྒྲིག་བཟོས་པའི་ཀྲི་པུའུ་3པོས་དུས་བཀག་ལྟར་མཉམ་གཏོད་བྱེད་སྒོ་སྤེལ་བ་རེད།
བར་ག་ཤང་གཞུང་པ་གྲོང་ཚོའི་དེ་སྔའི་ཀྲུའུ་རེན་ཉི་མ་རྒྱལ་མཚན་གྱིས་ལས་འགན་འཁུར་རིང་དཀའ་ངལ་དང་འཁང་ར་གཉིས་བཟོད་ཀྱིས་ལས་ཀ་ཧུར་ཐག་བྱས་པར་མང་ཚོགས་ཀྱི་བསྔགས་བརྗོད་དང་རྩ་འཛུགས་ཀྱི་གཟེངས་བསྟོད་ཆེན་པོ་ཐོབ་པ་རེད། 2013ལོར་གངས་སྐྱོན་ལ་ཁ་གཏད་གཅོག་པའི་ལས་ཀའི་ཁྲོད་ཉེན་གྱར་མང་ཚོགས་སྐྱོབ་ཆེད་ཁོང་གི་གཟུགས་པོར་གཅོང་ནད་ཕོག ལོ་ཁ་ཤས་ནང་གྲོང་ཚོའི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་བྲེལ་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་རྒྱུ་མ་བྱུང་སྟབས་ན་ནིང་ཟླ་10པར་བློ་མཐུན་ཉི་མ་རྒྱལ་མཚན་ནད་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཁོང་གིས་དགའ་ཞེན་ཆེན་པོ་བྱེད་པའི་གཞུང་པ་གྲོང་ཚོའི་གྲོང་མི་དང་ནམ་ཡང་ཁ་བྲལ་བ་རེད།
འདི་ལོ་རྫོང་ཡོངས་ཀྱི“བདུན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་ཐོག རྫོང་ཨུད་ཀྱིས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས་བློ་མཐུན་ལེའོ་ཅུན་པོ་དང་ཉི་མ་རྒྱལ་མཚན་གཉིས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། བློ་མཐུན་ཉི་མ་རྒྱལ་མཚན་ལ་སྐད་གྲགས་ཆོད་པའི་བྱས་རྗེས་མེད་རུང་། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཚད་ལོན་ཏང་ཡོན་གྱི་ངོ་བོའི་དོན་སྙིང་མངོན་པ་བྱས་ཏེ་རྫོང་ཡོངས་ཀྱི་ཏང་ཡོན་1400ལྷག་ལ་མིག་དཔེ་བཏོན་ཡོད།
ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་ཏང་ཡོན་ལས་བྱེད་པར་དོ་དམ་ནན་པོ་བྱས་པ།
“མ་གཞི་བྱས་ན་ཉིན་གཅིག་གཉིས་ཀྱི་རྗེས་སུ་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་གསལ་བཤད་བྱས་ན་འགྲིག་གི་རེད་སྙམ་པ་ལས། རྫོང་གིས་བྱེད་ཐབས་དངོས་སྤྱོད་ཀྱི་རེད་བསམས་མ་བྱུང”ཞེས་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀའོ་ཧྥུང་གིས་ལོ་འགོར་རྫོང་ཨུད་རྩ་འཛུགས་པུས་བཏང་བའི་བརྡ་ཁྱབ་དེ་དྲན་གསོ་བྱེད་བཞིན་དུ་བརྗོད།
འདི་ལོའི་ལོ་འགོར། མངའ་རིས་ས་ཨུད་ཀྱིས་ས་ཁུལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ཚང་མ་ཟླ་2ཚེས་3ཉིན་གྱི་གོང་དུ་ལས་གནས་སུ་ལོག་དགོས་པའི་བླང་བྱ་བཏོན་ཡོད། རྫོང་ཨུད་ཀྱིས་སྤུ་ཧྲེང་གི་དོན་དངོས་ལ་གཞིགས་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་དང་ཚན་པ་དང་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོ་ཟླ་2ཚེས་10ཉིན་གོང་དུ་ལས་གནས་ཐོག་ཕྱིར་ལོག་ནས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཞིབ་བཤེར་རྩིས་ལེན་དང་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལ་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་ཡོད་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་བློ་མཐུན་13དུས་ཐོག་ཏུ་ལས་ཁུངས་ལ་ཕྱིར་ལོག་བྱེད་ཐུབ་མེད། རྫོང་ཨུད་རྩ་འཛུགས་པུས་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པར་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བློ་མཐུན་13དེ་དག་ལ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་མ་ཟད། ཟླ་དེའི་གླ་ཕོགས་ཀྱི་20%སྟེ་མི་རེ་ནས་ཆ་སྙོམས་སྒོར་2000འཐེན་ཏེ་རྒྱ་ཆེའི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།
ན་ནིང་ཟླ་10པའི་ཚུན་དུ། སྤུ་ཧྲེང་རྫོང་གིས་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོའི་ཁྲོད་ལས་བྱེད་པའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་སློབ་གསོ་དག་ཐེར་བྱེད་སྒོ་གཏིང་ཟབ་སྤེལ་ནས་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་སོགས་ཐད་ནས་འགོ་བཙུགས་ཏེ་ལས་བྱེད་པའི་ཉིན་རེའི་དོ་དམ་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ་རེད། འདི་ལོའི་ཟླ་2པར་མངའ་རིས་ས་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྒྲིག་ལམ་ལས་འགལ་ཏེ་དུས་ཡུན་རིང་པོ་དགོངས་པ་ཞུ་མཁན་ལས་བྱེད་པར་བཅོས་སྒྲིག་བྱས་པ་རེད། ཞིབ་བཤེར་དང་དོ་དམ་ནན་པོ་བྱས་པ་བརྒྱུད་རྒྱ་ཆེའི་ལས་བྱེད་པ་ཚོའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ལས་ཀ་བྱེད་པ་དང་བྱ་གཞག་གཏོད་པའི་ངར་ཤུགས་ཀྱང་འཕེལ་ཡོད་པ་རེད།
བར་ག་ཤང་གངས་ས་གྲོང་ཚོ་ནི་གངས་རིན་པོ་ཆེའི་རི་གཤམ་དུ་གནས་ཡོད་པ་དང་ས་བབ་ཆགས་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལེགས་པོ་བྱུང་སྟེ་ཐོག་མཐའ་བར་གསུམ་དུ་རྫོང་ཡོངས་དང་མཐའ་ན་ས་ཁུལ་ཧྲིལ་པོའི་དར་ཆ་ལྟ་བུར་གྱུར་ཡོད།
ན་ནིང་ཟླ་11ལ། བར་ག་ཤང་གངས་ས་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་འགན་འཁུར་བ་གཙོ་བོས་ལས་ཀའི་སྒྲིག་ལམ་ལས་འགལ་བས་རྫོང་ཨུད་རྩ་འཛུགས་པུས་རྫོང་ཡོངས་སུ་བརྡ་ཁྱབ་བཏང་བ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོས་རང་ཉིད་ཀྱི་ནོར་འཁྲུལ་ལ་ངོས་འཛིན་ཡང་དག་མ་བྱས་པ་མ་ཟད། ད་དུང་རྩ་འཛུགས་ལ་འགན་འཁྲི་བསྐྱུར་བ་རེད། རྫོང་ཨུད་ཀྱིས་རྫོང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གྱིས་ཙུའུ་ཀྲང་བྱས་པའི་ལས་དོན་ཚོགས་ཆུང་བཙུགས་ཏེ་གྲོང་ཚོ་དེར་བཅའ་སྡོད་བྱས་ནས་ཏང་ཡོན་མང་ཚོགས་ལ་བསམ་བློའི་སློབ་གསོ་གཏིང་ཟབ་བརྒྱབ་པ་དང་ཏང་ཡོན་མང་ཚོགས་ཚོའི་བསམ་འཆར་དང་གྲོས་འགོ་ཉན་པ་རེད།
འདི་ལོའི་ཟླ་4པའི་ཟླ་འགོར། རྫོང་ཨུད་རྩ་འཛུགས་པུའུ་དང་། བར་ག་ཤང་ཏང་ཨུད། རྫོང་དམངས་སྲིད་ཅུས་བཅས་ཀྱིས་གྲོང་ཚོ་དེར་ཏང་ཡོན་དང་གྲོང་མིའི་འཐུས་མིའི་ཚོགས་ཆེན་འཚོགས་ཏེ་ཏང་གི་སྒྲིག་ཡིག་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོའི་གོ་གནས་མེད་པ་བཟོས་ཡོད། གངས་ས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འགྱུར་མེད་ཀྱིས“ང་ཚོས་རྫོང་ཨུད་ཀྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཏེ་དེ་སྔའི་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོའི་ཀྲུའུ་རེན་གྱིས་གངས་ས་གྲོང་ཚོའི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་འབད་བརྩོན་ཆེན་པོ་བྱས་ཡོད་རུང་། བྱས་རྗེས་ནི་བྱས་རྗེས་དང་བྱས་ཉེས་ནི་བྱས་ཉེས་རང་ཡིན་པས་གནད་དོན་ཡོད་ཚེ་ངེས་པར་དུ་ཐག་གཅོད་བྱེད་དགོས་ངེས་རེད”ཅེས་བཤད།
གངས་ས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལེགས་སྒྲིག་བྱས་པ་དེས་རྫོང་ཡོངས་ཀྱི་གྲོང་ཚོ་དང་གྲོང་ལྷན་དང་རྒྱ་ཆེའི་ཞིང་འབྲོག་ཏང་ཡོན་མང་ཚོགས་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྫོད་ཨུད་ཀྱི་ཡིད་ཆེས་དང་ཆོད་སེམས་དངོས་འབྲེལ་ཚོར་ཐུབ་པ་བྱུང་བ་རེད།
དབུལ་སྒྲོལ་དང་བརྟན་ལྷིང་སྲུང་སྐྱོང་ལ་རོགས་སྐྱོར་བྱས་ཏེ་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་བ།
གཞི་རིམ་ཏང་འཛུགས་སྐྱོང་ལས་ཀར་ཤུགས་སྣོན་བརྒྱབ་པ་དེས་སྤུ་ཧྲེང་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་མྱུར་པོ། ཡུན་རིང་བདེ་འཁོད་བཅས་ཡོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།
རྫོང་ཡོངས་ཀྱི་གོང་འོག་ཚང་མས་འདི་ལོ་དུད་ཚང་276དང་མི་785དབུལ་སྒྲོལ་ཡོང་བ་བྱ་རྒྱུའི་ལས་འགན་དང་རྫོང་ཡོངས་ཀྱི་ས་ཁུལ་རིམ་པའི་དབུལ་ཞྭ་འབུད་པའི་དམིགས་ཚད་མངོན་འགྱུར་ཡོང་བར་དམ་པོར་དམིགས་ཏེ། རྫོང་ནོར་སྲིད་ཀྱིས་མ་དངུལ་སྤྱི་འདོམས་བྱས་ནས་སྒོར་ཁྲི་500ཟིན་པའི་རོགས་སྐྱོར་ལས་གཏོད་ཐེབས་རྩ་བཙུགས་པ་དང་སྒོར་ཁྲི་1000ཟིན་པའི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཉེན་ཁའི་ཁ་གསབ་མ་རྩ་བཙུགས་ཡོད། ཟླ་7པའི་ཟླ་སྟོད་བར་རྫོང་ཡོངས་ཀྱིས་རྣམ་གྲངས་23ལས་འགོ་བསྐྱར་དུ་བཙུགས་པ་དང་། བསྡོམས་མ་དངུལ་སྒོར་དུང་ཕྱུར་1ཙམ་བཏང་སྟེ་དར་ཆེན་ཕྱོགས་བསྡུས་ཉོ་ཚོང་ལྟེ་གནས་སོགས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་གལ་ཆེན་4ལས་འགོ་བཙུགས་པ། དུད་ཚང་41ཕྱོགས་ཡོངས་ནས་ཡུལ་གཞན་ལ་གནས་སྤོས་དབུལ་སྐྱོར་བྱས་པ། སྣོད་བཅུད་བདག་སྐྱོང་ལས་གནས་776གསར་སྣོན་བྱས་པ། མི་270ལས་ཞུགས་གཞན་སྒྱུར་དང་གསོ་སྦྱོང་བྱས་པ། དུད་ཚང་དབུལ་པོ་27ལ་ལས་གཏོད་དངུལ་བུན་གཡར་བ། ལོ་སྟོད་དུ་རྫོང་ཡོངས་སུ་ཁེ་ལས་12དང་། སྒེར་གཉེར་བཟོ་ཚོང་དུད་ཚང་95 ཞིང་པའི་ཆེད་ལས་མཉམ་ལས་ཁང་3བཅས་ཐོ་འགོད་བྱས་པར་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་1.1ཟིན་པ་བཅས་རེད།
དེ་དང་ཆབས་ཅིག “མེད་པ་དྲུག”གསར་གཏོད་ཧུར་ཐག་བྱས་པ་དང་། “གཅིག་འགོག་གཉིས་བཤེར་གསུམབཅོས་སྒྲིག”མཐའ་འཁྱོངས་བྱས་པ། མཐའ་མཚམས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་པས། “གྲོང་ཚོ་ཚང་མ་མཁར་རྫོང་དང་། དུད་ཚང་ཚང་མ་སོ་ལྟ་ཁང་། ཐོན་སྐྱེད་ནི་ལས་སྒྲུབ། ཕྱུགས་འཚོ་བ་ནི་སྐོར་གཡེང་། མི་ཚང་མས་དོགས་ཟོན། ཕྱོགས་གང་སར་འགོག་ཟོན”བཅས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་དོ་དམ་ཚོད་འཛིན་མ་ལག་ཆགས་པ་དང“མེད་པ་བཞི”དང“མི་ཐོན་པ་གསུམ”“བརྟན་ལྷིང་གསུམ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།
འདི་ལོའི་ཟླ་7པའི་ཟླ་འགོར། ས་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཀྲུང་ཁུའེ་ཡིས་སྣེ་འཁྲིད་པ་དང་རྫོང་ཁག་གི་རྫོང་ཨུད་ཧྲུའུ་ཅི་ཞུགས་པའི་མངའ་རིས་ས་ཁུལ་གྱི་གཙོ་གནད་ལས་ཀའི་རང་བཤེར་དཔྱད་ཞིབ་ལས་དོན་ཚོགས་ཆུང་གིས་སྤུ་ཧྲེང་གི་ལས་དོན་ཁག་ལ་ཞིབ་བཤེར་བྱས་རྗེས་སྤུ་ཧྲེང་གི་གཞི་རིམ་ཏང་འཛུགས་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་རེད།
“‘སྤུ་ཧྲེང་གི་གདོང་ལེན’ཞེས་པའི་ཏང་འཛུགས་སྐྱོང་འདུ་འགོད་ལག་བསྟར་བྱས་པ་བརྒྱུད་ང་ཚོས་སྤུ་ཧྲེང་གི་ཏང་འཛུགས་སྐྱོང་སྤུས་རྟགས་ཤིག་བཏོད་དེ་རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀ་གསར་གཏོད་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། དཔུང་ཁག་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་པ་བཅས་བྱས་ཏེ། སྤུ་ཧྲེང་གི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་ཞིག་བྱས་ཡོད”ཅེས་སྤུ་ཧྲེང་རྫོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཧོ་མོང་གིས་བཤད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣