དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱིས“རི་ལྡེབས་སུ་ལྗོན་ཤིང་འདེབས་པའི”རྣམ་གྲངས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-19

     སྔོ་ལྗང་ཁྱབ་རྒྱ་ཆེ་རུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་ཆེད། སྣེའུ་ཁུལ་གསར་གྱིས“རི་ལྡེབས་སུ་ལྗོན་ཤིང་འདེབས་པའི”རྣམ་གྲངས་ལག་ལེན་བསྟར་རྩིས་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། རྣམ་གྲངས་དེས“ལྗང་མདོག་ལྷ་ས”དང“བདེ་སྡོད་ལྷ་ས”མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་ཡིན་པ་རེད།

    སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་སྣེའུ་ཁུལ་གསར་གྱི་ཤར་ལྷོའི་མཚམས་ཀྱི་རི་ལྡེབས་སུ་ལག་བསྟར་བྱེད་རྒྱུ་དང་། རྒྱ་ཁྱོན་མུའུ་50ཙམ་ཟིན་པ་དང་སྔོན་རྩིས་ལྟར་ན་རྣམ་གྲངས་དེར་མ་དངུལ་སྒོར་ཁྲི་3000གཏོང་རྩིས་ཡོད་པ་རེད། རྣམ་གྲངས་དེ་བསྐྲུན་རྗེས་ས་ཁོངས་ནང་གི་མི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གང་ལེགས་ཕྱིན་ནས་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་འགྲོ་རྒྱུ་རེད་ལ་ཉེ་འགྲམ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་རྒྱུར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། རི་ལྡེབས་སུ་ལྗོན་ཤིང་འདེབས་པའི་རྣམ་གྲངས་བསྐྲུན་རྗེས་སྣེའུ་ཁུལ་གསར་དེ་ཡུལ་ལྗོངས་མཛེས་པ་དང་རྩི་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་སྣོད་བཅུད་གླིང་ཞིག་ཏུ་འགྱུར་རྒྱུ་དང་། རྣམ་གྲངས་ཀྱི་སྒྲིག་བཀོད་སྒྲིག་ཆས་ཆ་ཚང་བས་མཛེས་ལྗོངས་ཀྱི་སྤུས་ཚད་ལེགས་བཅོས་ཆེན་པོ་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།