དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོ་མོ་རྫོང་གིས་ཡུལ་བབས་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2017-07-07

    1.jpg

    ས་གནས་དེ་གའི་མང་ཚོགས་ཀྱིས་སྔོ་ཚལ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་བཞིན་པ།

    ཉེ་བའི་ལོའི་ནང་།  གྲོ་མོ་རྫོང་གིས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ཐོག་ཡུལ་བབས་དང་བསྟུན་པ།  རིགས་དབྱེ་ཁ་གསལ་བཟོས་པ་དང་འབྲེལ་ཞིང་འབྲོག་པའི་ཆེད་དོན་གསོ་སྦྱོང་གཉེར་བ་རེད།  དེ་ཡང་སྔ་རྗེས་སུ་ཤང་༼གྲོང་རྡལ༽༧དུ་ཕྱུགས་ཟོག་གསོ་ཚགས་དང་ཕྱུགས་ནད་སྔོན་འགོག  གྲོ་མོའི་ཁྱད་ལྡན་ཉ་གསོ།  མོག་རོ་འདེབས་འཛུགས།  དྲོད་ཁང་སྔོ་ཚལ་འདེབས་འཛུགས་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་པ་དང་།  ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ནུས་པ་གོང་མཐོར་བཏང་ཐོག་གྲོ་མོ་རྫོང་གི་ཁྱད་ལྡན་ཐོན་ལས་དཔལ་འབྱོར་གོང་འཕེལ་གཏོང་བར་མང་ཚོགས་ལ་འཁྲིད་སྟོན་དང་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།