དབུ་ཤོག>ཞིང་འབྲོག་གསར་པ།
  • ​ རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཡོང་བ་བྱས་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་བསྐྲུན་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-29

     ཟླ་6ཚེས་21ནས་25ཉིན་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་པོ། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་ལས་འཛིན་དཔོན་གཞོན་པ། ཀྲུང་ཧྭ་སེམས་མཐུན་དྲོ་སྐྱིད་འདུ་འགོད་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་བཅས་ཡིན་པའི་མཱ་ཕེ་ཧྭ་ཡིས་ལྷ་ས་དང་ཉིང་ཁྲིར་ཕེབས་ནས་གཙོ་བོ་རང་ལྗོངས་ཀྱི་དྲོ་སྐྱིད་འདུ་འགོད་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྣམ་གྲངས་སོགས་ལས་དོན་ལ་རྟོག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་འཇིགས་ཡོན་གྱིས་ཁག་སོ་སོར་ཕེབས་རོགས་ཞུས་པ་རེད།

    མཱ་ཕེ་ཧྭ་དང་བཅས་པས་སྔ་རྗེས་སུ་བོད་ལྗོངས་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་རྣམ་གྲངས་ཀྱི་མཉམ་ལས་ཚན་པ་ཡིན་པའི་བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་། བོད་ལྗོངས་སྐྱིད་གསར་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་ཉིང་ཁྲིའི་ཡན་ལག་སློབ་གྲྭར་ཕེབས་ནས་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་དང་ཀྲུང་ཧྭ་སེམས་མཐུན་དྲོ་སྐྱིད་འདུ་འགོད་ཐེབས་རྩ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་སློབ་གྲྭའི་དགེ་སློབ་དང་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་། སློབ་གྲྭའི་དངོས་སྦྱོང་བྱ་ཡུལ་དང་།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་སློབ་ཁང་དང་རིག་ཚན་ཁག་གི་རྩལ་ནུས་གསོ་སྦྱོང་བྱ་ཡུལ་དུ་ཕེབས་ནས་སློབ་གཉེར་གནས་ཚུལ་གྱི་ངོ་སྤྲོད་ནན་ཏན་ངང་གསན་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་དང་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    དྲོ་སྐྱིད་འདུ་འགོད་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གསོ་སྦྱོང་རྣམ་གྲངས་ནི་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་དང་ཀྲུང་ཧྭ་སེམས་མཐུན་དྲོ་སྐྱིད་ལས་གྲྭའི་ཐེབས་རྩ་ལྷན་ཚོགས་ཀྱིས་མཉམ་དུ་ལག་ལེན་བསྟར་བ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་འཇུག་གཞིར་བྱས་ཏེ་ལས་རིགས་རྩལ་ནུས་གསོ་སྦྱོང་དང་ཟུང་འབྲེལ་དམ་ཟབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ངལ་རྩོལ་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་པར་བྱེད་པ་དང་ལས་ཞུགས་རྩལ་ནུས་ཆེ་རུ་གཏོང་བར་རོགས་རམ་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་རེད། བརྟག་ཞིབ་གནང་རིང་། མཱ་ཕེ་ཧྭ་ཡིས་རང་ལྗོངས་ཀྱི་གཞི་རིམ་ཐག་རིང་ས་ཁུལ་ནས་ཡོང་བའི་ཞིང་འབྲོག་པའི་སློབ་མ་དང་སྤེལ་རེས་གཏིང་ཟབ་གནང་སྟེ་ཁོང་ཚོའི་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་བ་རེད།

    མཱ་ཕེ་ཧྭ་ཡིས“སྐད་ཡིག་དང་རྩལ་ནུས་ཟུང་འབྲེལ”གསོ་སྦྱོང་གིས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་གོ་བརྡ་འཕྲོད་ནུས་དང་ལས་ཞུགས་རྩལ་ནུས་མགྱོགས་མྱུར་ལེགས་སུ་ཕྱིན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཡོང་བར་རོགས་རམ་ཐུབ་རྒྱུ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སློབ་མ་དེ་བས་རྒྱ་ཆེ་བའི་ཤེས་བྱའི་ཁྱབ་ཁོངས་ནང་སླེབས་ནས་སྤྱི་ཚོགས་དང་མཐུན་སྦྱོར་བྱེད་པའི་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཐུབ། སློབ་མ་ཚོས་དུས་ཚོད་དེ་ཙམ་རིང་པོ་མེད་པའི་ནང་སློབ་སྦྱོང་ལ་བརྩོན་པ་ཆེར་བསྐྱེད་ཀྱིས་སྐད་ཡིག་དང་རྩལ་ནུས་ཡག་པོ་ཤེས་པར་བྱས་ནས། སླད་ཕྱིན་སྤྱི་ཚོགས་ཐོག་སླེབས་རྗེས་ས་ཕྱོགས་གང་དུ་སྐྱོད་ཀྱང་མི་དང་ཕན་ཚུན་མཐུན་སྦྱོར་དང་སྤེལ་རེས་ཐོགས་མེད་བྱེད་ཐུབ་པ་དང་རང་ཉིད་ཀྱི་བློ་ལ་འབབ་པའི་ལས་ཀ་ཞིག་རག་པ་བྱས་ཏེ་ཕྱོགས་གཅིག་གི་ཡུལ་མི་སྤུན་མཆེད་རྣམས་མཉམ་དུ་ཕྱུག་འགྱུར་དང་འབྱོར་འབྲིང་ལམ་དུ་ཁྲིད་ནས་སྤྱི་ཚོགས་ཐོག་འཇོན་ཐང་ངོམས་པ་དང་། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་པའི་ཕུལ་བྱུང་ན་གཞོན་ཞིག་ཆགས་པ་བྱས་ཐོག་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    མཱ་ཕེ་ཧྭ་ཡིས་སེམས་མཐུན་དྲོ་སྐྱིད་འདུ་འགོད་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་རྣམ་གྲངས་ནི་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་བདེ་སྐྲུན་པའི་བླ་ན་མེད་པའི་བྱ་གཞག་ཞིག་ཡིན་པས་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཧ་ཅང་ལྕི་བ་ཞིག་ཡོད། སླད་ཕྱིན་ངེས་པར་དུ་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་རྒྱུར་མུ་མཐུད་དམིགས་ནས“སྐད་ཡིག་དང་རྩལ་ནུས་ཟུང་འབྲེལ”གྱི་གསོ་སྦྱོང་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་གསོ་སྦྱོང་གི་ཕན་འབྲས་མཐོ་རུ་གཏོང་རྒྱུའི་ཐད་ཤུགས་རྒྱག་དགོས། དེ་དང་ཆབས་ཅིག་རྣམ་གྲངས་མཉམ་ལས་ཚན་པས་སློབ་མའི་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱས་ནས་སློབ་མར་དེ་བས་སྤུས་ལེགས་དང་ཆ་ཚང་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཟླ་6ཚེས་22ཉིན་མཱ་ཕེ་ཧྭ་ཡིས་ཀྲུང་ཧྭའི་སི་ཡོན་མྱུར་སྐྱོབ་བོད་ཀྱི་བྱ་སྤྱོད་དང་སི་ཡོན་གངས་ལྗོངས་འོད་སྣང་བྱ་སྤྱོད་ཀྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། བྱེད་སྒོའི་ཐོག་རང་ལྗོངས་ལ་མྱུར་སྐྱོབ་རླངས་འཁོར་74ཞལ་འདེབས་བརྒྱབ་པ་མ་ཟད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣར་གསོ་སྦྱོང་བྱས་ནས་སྐྱ་གྲིབ་ཕོག་པའི་ནད་པ་1800ཁག་བགོས་ནས་རིན་མེད་གཤགས་བཅོས་བྱ་རྒྱུ་ཡིན་པ་རེད།

    བོད་དུ་རྟོག་ཞིབ་གནང་རིང་། མཱ་ཕེ་ཧྭ་དང་བཅས་པས་ད་དུང་ལྷ་ཉིང་རིམ་མཐོའི་གཞུང་ལམ་བར་ལའི་ཕུག་ལམ་འཛུགས་སྐྲུན་བྱ་ཡུལ་དང་དེ་བཞིན་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ཁ། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བཅས་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།