
འདི་ནི་མི་སྤྱོད་ཚན་པས་ལས་མི་དང་གན་རྒྱ་འཇོག་པའི་གནས་ཚུལ་ཡིན་པ།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་རང་བྱུང་ཆ་རྐྱེན་ཞན་པ་དང་། ཐོན་ཁུངས་དཀོན་པ། མི་འབོར་མང་བས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་པོ་ཡོད། རྣམ་གླིང་རྫོང་ཕུ་འདམ་ཤང་ཉང་རྭ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་མངགས)གིས་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི་ཐད་འབད་བརྩོན་བྱས་ཤིང་། དེ་གོང་གྲོང་སྡོད་ལས་དོན་རུ་ཁག་གིས་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁེ་ལས་ཤིག་གིས་ཉང་རྭ་གྲོང་ཚོ་ནས་བཟོ་པ་13བསྡུས་པ་རེད། ཁེ་ལས་དེའི་འགན་འཁུར་བས་བཟོ་པ་དེ་དག་ལས་གནས་ཐོག་གསོ་སྦྱོང་བྱས་ནས་ལས་ཀའི་ཁོར་ཡུག་གསར་པ་གང་མགྱོགས་འཕྲོད་ཐུབ་པའི་རོགས་རམ་བྱ་རྒྱུ་དང་མང་ཚོགས་དེ་བས་མང་བ་ང་ཚོའི་ཁེ་ལས་སུ་ལས་ཀ་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་ཅིང་།