དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་2017ལོའི་ཚོགས་འདུ་ཐེངས་9པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-19

    ཟླ་5ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་2017ལོའི་ཚོགས་འདུ་ཐེངས་9པ་འཚོགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་འཚོགས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་འགའ་ཞིག་གི་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    འོད་ཤུགས་དབུལ་སྐྱོར་སྲིད་ཇུས་དང་། དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན། གསར་འཕར་གྱི་སྣོད་བཅུད་ཁ་གསབ་ལས་གནས་སོགས་ཀྱི་སྙན་ཞུ་གསན་རྗེས་ཏིང་ཡེ་ཤན་གྱིས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་གནད་སྨིན་གྱི་ཇུས་གཞི་ཆེན་པོ་མཐའ་འཁྱོངས་བྱེད་པ་དང་། གནད་སྨིན་འཐབ་ཇུས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ། རྒྱུན་གཏན་ལས་བརྒལ་བའི་བྱེད་ཐབས་ལ་བརྟེན་པ་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཕན་འབྲས་ལ་དམ་འཛིན་དངོས་དང་དམ་འཛིན་ཡག་པོ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    ཏིང་ཡེ་ཤན་གྱིས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། “ཆུའི་ཐིགས་པས་བྲག་ལ་ཁུང་བུ་རྟོལ་བའི”སྙིང་སྟོབས་ལ་བརྟེན་པ་དང“ཕར་ཆིན་རྒྱག་པའི”སྙིང་རུས་སྤྱོད་ཕོད་པར་བྱེད་པ། རྒྱུན་ཆད་མེད་པར་ཤུགས་བརྒྱབ་ནས་ཡུན་རིང་བྱས་རྗེས་འཇོག་པ། དོན་འཁྱོལ་ལ་དམ་འཛིན་བྱས་ནས་གྲུབ་འབྲས་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གཅིག་ནས་ཚན་རིག་ཁོང་དུ་ཆུད་པར་བྱས་ནས་གནད་སྨིན་དབྱེ་འབྱེད་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱས་ཏེ། “གནད་སྨིན”གྱི་བླང་བྱ་དེ་གནས་སྤོས་དབུལ་སྐྱོར་དང་། ལས་ཞུགས་གཞན་སྒྱུར། སློབ་གསོ་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། སྲིད་ཇུས་དོན་འཁྱོལ་སོགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱེད་པ་དང་། དམིགས་ཚད་འགན་འཁྲི་དོན་འཁྱོལ་བྱེད་པ། “རང་བརྟེན”ནུས་པ་ཆེ་རུ་གཏོང་བ་བཅས་ཀྱིས་མང་ཚོགས་དབུལ་པོ་རྣམས་དབུལ་ཕོངས་ལས་སྒྲོལ་བ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཆེད་རྒྱུན་ཆད་མེད་པར་སྒུལ་ཤུགས་སྣོན་དགོས།

    གཉིས་ནས་གནད་དོན་ཤེས་རྟོགས་བྱས་ནས་གཅིག་སྡུད་ཐག་གཅོད་བྱེད་དགོས། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། སྡེ་ཚན་ཁག་བཅས་ཀྱི“འགན་འཁྲི་བ་ཨང་དང་པོའི”འགན་འཁྲིའི་ལམ་ལུགས་ཤུགས་ཆེར་བཏང་སྟེ་རང་རྟོགས་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་དམ་པོར་བཟུང་བ་དང་ཕྲག་ཏུ་ཁུར་ནས་དབུལ་པོ་ངོ་མ་ཡིན་མིན་ལ་ལྟ་བ་དང་། དབུལ་པོ་ངོ་མར་རོགས་སྐྱོར་བྱེད་པ། དབུལ་པོར་རོགས་སྐྱོར་ངོ་མ་བྱེད་དགོས། ཕུགས་ཕན་འགན་སྲུང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་རོགས་སྐྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གནད་སྨིན་ཤུགས་འདོན་གྱི་བསམ་བློ་དང་བྱ་སྤྱོད་ལ་བརྟེན་ནས་ཞན་ཆ་གང་མགྱོགས་གསབ་དགོས།

    གསུམ་ནས་འགན་འཁྲི་དོན་འཁྱོལ་བྱས་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གཅིག་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་གནན་ནས་བཅག་པ། རིམ་པ་བཞིན་ལས་འགན་དབྱེ་བ། དམིགས་ཚད་འགན་འཁྲི་དོན་འཁྱོལ་བྱས་ནས་གོང་འོག་མཐུད་པ་དང་། འཕྲེད་ཀྱི་མཐའ་ཟིན་པ། གཞུང་གི་མཐིལ་ཐུག་པ་བཅས་ཀྱི་འགན་འཁྲིའི་མ་ལག་ཅིག་ཆགས་པར་བྱེད་དགོས་པ་དང་། ལྟ་ཞིབ་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་བདའ་འདེད་གཏོང་བའི་འགན་འཁྲི་དང་ལྟ་ཞིབ་སྐོར་ཞིབ་ལམ་ལུགས་འཛུགས་པ། འགན་འཁྲིར་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་འགན་འཁྲིར་བརྟེན་ནས་ཕན་འབྲས་ལ་སྐུལ་འདེད་བཏང་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དོན་འཁྱོལ་བྱ་རྒྱུར་རིམ་པ་བཞིན་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།

    བཞི་ནས་གཙོ་གནད་མངོན་གསལ་དོད་པོས་ཐབས་ཇུས་གནད་སྨིན་འདོན་དགོས། ལྗོངས་ཡོངས་ཀྱི་ལོ་འཁོར་གྱི་རིམ་པ་བཞིན་དབུལ་ཞྭ་འབུད་པའི་འཆར་གཞི་ལྟར་ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གནས་སྤོས་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། “མཐོར་གཏོང་བཅུ”སོགས་ཀྱི་རྣམ་གྲངས་ལག་བསྟར་ལ་དམ་འཛིན་ལྷོད་མེད་བྱེད་པ། སྣོད་བཅུད་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་སྲིད་ཇུས་དོན་འཁྱོལ་ཡག་པོ། དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ། ལྗོངས་ཡོངས་ཀྱི་ཐོན་ཁུངས་ལ་གཅིག་འདོམས། སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དམིགས་པ་བཅས་ཀྱིས་མང་ཚོགས་དབུལ་པོར་གནད་སྨིན་ཕན་པ་ཐོབ་པར་བྱེད་དགོས།

    ལྔ་ནས་བྱེད་ཤུགས་ཆེ་རུ་བཏང་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། གཞི་རིམ་ཏང་སྲིད་རྩ་འཛུགས་དང་མང་ཚོགས་དབུལ་པོར་དཀའ་སྤྱད་འབད་བརྩོན་དང་རང་སྟོབས་རང་འཕེལ་གྱིས་དབུལ་པོའི་རྣམ་པར་འགྱུར་ལྡོག་ཤུགས་ཆེན་གཏོང་རོགས་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་མི་སྣ་དང་བྱས་རྗེས་དྲིལ་བསྒྲགས་བྱས་ནས་སྒུག་བརྟེན་མི་བྱེད་པར་རང་ཚུགས་དབུལ་སྒྲོལ་གྱི་དཔེ་མཚོན་འབོར་ཆེན་ཞིག་གཏོད་དགོས་པ་དང་། ས་ཁུལ་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་ཉམས་མྱོང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དབུལ་ཕོངས་བྱེད་པོའི་ངོ་བོ་ཉིད་ཀྱི་སྒུལ་ཤུགས་དང་བྱེད་པོའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱིས་མང་ཚོགས་དབུལ་པོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།