བ་གླང་གི་རྒྱུད་པ་ལེགས་སུ་གཏོང་བའི་ལས་འགན་ཁག་བདེ་བླག་ངང་གྲུབ་པ་དང་། ཤང་དང་གྲོང་ཚོའི་ཕྱུགས་རིགས་སྨན་པའི་ལག་རྩལ་མཐོ་རུ་བཏང་སྟེ་བ་གླང་ལ་མངལ་འཁོར་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གིས་ཤང་དེའི་ཕྱུགས་རིགས་སྨན་པ་11དང་ཚན་རྩལ་ཆེད་མངགས་པ་12སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་གསོ་སྦྱོང་བྱས་པ་རེད།
གསོ་སྦྱོང་འཛིན་གྲྭའི་ཐོག་འགན་འཁུར་བས་བ་གླང་གི་རྒྱུད་པ་ལེགས་སུ་གཏོང་བའི་གལ་ཆེའི་རང་བཞིན་དང་། མི་ཐབས་ཀྱི་མངལ་འཁོར་ལག་རྩལ། ཡོ་བྱད་སྤྱོད་སྟངས་བཅས་དང་དེ་བཞིན་བ་གླང་གི་མངལ་འཁོར་ཚད་ཇི་ལྟར་བྱས་ཏེ་མཐོ་རུ་གཏོང་བ་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད། གསོ་སྦྱོང་ནང་ཞུགས་མཁན་གྱི་བ་གླང་གི་རྒྱུད་པ་ལེགས་གཏོང་གི་ལག་རྩལ་སྔར་བས་མཐོ་རུ་ཕྱིན་ནས་སླད་ཕྱིན་གྱི་ལས་དོན་ལ་རྨང་གཞི་བཟང་པོ་བཏིང་པ་རེད།