དབུ་ཤོག>ཞིང་འབྲོག་གསར་པ།
  • ཆབ་མདོས་དབུལ་སྒྲོལ་འགག་སྒྲོལ་གནད་སྨིན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-08

    ཉིན་ཤས་གོང་གསར་འགོད་པས་2016ལོའི་ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་2020ལོར་སླེབས་སྐབས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་3.46ཡི་མི་འབོར་ཁྲི་17.05ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་པ་དང་དབུལ་པོའི་རྩ་བ་བསལ་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་དབུལ་པོ་1128དབུལ་ཞྭ་ཕུད་དེ་མི་འབོར་དབུལ་པོའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་16%ཡན་འཕར་བའི་འགན་ལེན་བྱ་རྒྱུ་རེད།

    2016ལོར་དུད་ཚང་དབུལ་པོ་7524ཡི་མི་33575དབུལ་སྒྲོལ་དང་གྲོང་ཚོ་དབུལ་པོ་211དབུལ་སྒྲོལ་ཐུབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི“ཁག་ཐེངས་ལྔ”དང་། “གནད་སྨིན་དྲུག”“དོན་ཐོག་ཏུ་འཁྱོལ་བ་བརྒྱད”བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་བླང་བྱ་གཞིར་བཟུང་། ཆབ་མདོའི་མི་འབོར་དབུལ་པོ་མང་བ་དང་། དབུལ་ཚབས་ཆེ་བ། དབུལ་པོ་ཁྱབ་ཚད་ཆེ་བ་བཅས་ཀྱི་ད་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས“ལོ་གསུམ་གཅིག་སྡུད་འགག་སྒྲོལ་དང་སྲ་བརྟན་གཉིས་མཐོ་རུ་གཏོང་བའི”འབད་འཐབ་དམིགས་ཚད་བཏོན་ནས་དུད་ཚང་དང་མི་ལ་གཞིགས་ནས་ཇུས་འདོན་པའི་ལས་ཀའི་བླང་བྱ་གཞིར་བཟུང་། “5+N”དབུལ་སྒྲོལ་འགག་སྒྲོལ་བྱེད་ཐབས་བཟོས་ནས“དབུལ་སྐྱོར་ཇི་ལྟར་བྱ་རྒྱུའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད།

    ཐོན་སྐྱེད་གོང་འཕེལ་བཏང་ནས་ཁག་གཅིག་དབུལ་སྒྲོལ་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་རྣམ་གྲངས་1063ལག་བསྟར་བྱེད་པར་མ་དངུལ་སྒོར་དུང་ཕྱུར་232གཏོང་རྩིས་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཆ་རྐྱེན་དང་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་འབོར་དབུལ་པོ་ཁྲི་8.21གིས“ཞིང་ལས་འཚམ་པར་ཞིང་ལས་དང་། འབྲོག་ལས་འཚམ་པར་འབྲོག་ལས། གླ་པ་འཚམ་པར་གླ་པ། ཚོང་ལས་འཚམ་པར་ཚོང་ལས། ཡུལ་སྐོར་འཚམ་པར་ཡུལ་སྐོར”བཅས་ཀྱི་རྩ་དོན་གཞིར་བཟུང་། ས་ཁུལ་དབུལ་པོའི་ཐོན་ཁུངས་དང་ཐོན་ལས་ལེགས་ཆར་བརྟེན་ནས“གསོ་ཚགས་རྟེན་གཞི་ཆེ་གྲས་ལྔ”དང“འདེབས་འཛུགས་རྟེན་གཞི་ཆེ་གྲས་བདུན”གྱི་ཐོན་ལས་བཀོད་པ་དང་ཟུང་འབྲེལ་དང་། “ཡག་ཤོས་བཅུ་བདུན”དང“ཡོངས་རྫོགས་བརྒྱད”ཀྱི་བླང་བྱ་གཞིར་བཟུང་། ས་ཁུལ་དབུལ་པོའི་འདེབས་གསོའི་ལས་རིགས་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་ཀྱི་ལས་རིགས། ཡུལ་སྐོར་གྱི་ལས་རིགས་དང་ཁྱད་ལྡན་ཐོན་ལས་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱིམ་ཚང་དབུལ་པོ་ཚང་མར་དབུལ་སྐྱོར་ཐོན་ལས་ཉུང་མཐར་ཡང་གཅིག་ཡོད་པར་བྱས་ནས་གཏན་འཇགས་ཡོང་འབབ་ཡོད་པའི་འགན་ལེན་བྱ་རྒྱུ་རེད།

    ཡུལ་གཞན་དུ་གནས་སྤོ་བྱས་ནས་ཁག་གཅིག་དབུལ་སྒྲོལ་བྱེད་དགོས། “གྲོང་རྡལ་གཙོ་བོ་དང་། མ་ལམ། རྒྱ་སྐྱེད། སྒོ་དབྱེ། གསར་སྤེལ། འཁྲུག་གཏོང་། བདེ་འཇགས”བཅས་ཀྱིས་སྣེ་ཁྲིད་དེ“གསར་པ་བདུན”དང“བརྒྱད་འཛོམས་ཞིང་དུད”ཀྱི་བླང་བྱ་ལྟར། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སྤྱི་འདོམས་བྱེད་པ་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པའི་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འཕེལ་རྒྱས་འགྲོ་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་ནས་རྩ་བའི་ཆར་དབུལ་པོའི་གནས་ལས་ཐར་བ་དང་། དབུལ་པོ་དྲུངས་ནས་འབྱིན་པ། དབུལ་ཞྭ་འབུད་ཐུབ་པ་བཅས་བྱས་ཏེ་2018ལོའི་ལོ་མཇུག་གོང་དུད་ཚང་དབུལ་པོ་ཁྲི་2.08ཡི་མི་འབོར་དབུལ་པོ་ཁྲི་10.34ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་འགན་ལེགས་གྲུབ་བྱ་རྒྱུ་རེད།

    སློབ་གསོ་གོང་འཕེལ་བཏང་ནས་ཁག་གཅིག་དབུལ་སྒྲོལ་བྱེད་དགོས། ཆབ་མདོ་གྲོང་ཁྱེར་གྱིས་སློབ་གྲྭར་སྐྱོད་མཁན་ཡོད་པའི་ཁྱིམ་ཚང་དུ་དཀའ་ངལ་ཡོད་པའི་སློབ་མར་མ་དངུལ་རོགས་སྐྱོབ་ཀྱི་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སློབ་གསོའི“འགན་ལེན་གསུམ”དང་དེ་བཞིན་སློབ་རོགས་མ་དངུལ་གྱི་ཚད་གཞི་རིམ་བཞིན་མཐོ་རུ་བཏང་སྟེ་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལ་མཐོ་སློབ་ཀྱི་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་འབྲེལ་རྒྱལ་ཁབ་ཀྱི་སློབ་རོགས་མ་དངུལ་དང་སྐྱེས་སའི་སློབ་རོགས་དངུལ་བུན་སོགས་རོགས་རམ་བྱེད་པའི་ཁྱབ་ཁོངས་ནང་བཅུག་ནས་ཁྱིམ་ཚང་དབུལ་པོས་སློབ་ཆེན་སློབ་མ་སྐྱོང་བའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་རེད།

    ཕྱོགས་སྒྱུར་ལས་ཞུགས་བྱས་ནས་ཁག་གཅིག་དབུལ་སྒྲོལ་བྱེད་དགོས། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་བྱང་ཚད་མཐོ་རུ་གཏོང་བའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་དངོས་མིང་འགོད་པ་དང་། དངོས་སྦྱོང་ལ་ཞུགས་པ། དངོས་རྩལ་སློབ་པ། དངོས་སྤྱོད་ཐུབ་པ། དངོས་ཕན་ཐོན་པ་བཅས་ཀྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་མི་གཅིག་ལ་ཉུང་མཐར་ཡང་བཀོལ་སྤྱོད་ཆོག་པའི་ལག་རྩལ་སྣ་ཁ་རེ་ཁོང་དུ་ཆུད་པ་དང་འབྲེལ་ལས་ཞུགས་བརྟན་པོས་དབུལ་སྒྲོལ་བྱ་རྒྱུ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྣམ་གྲངས་ཀྱི་སྣེ་ཁྲིད་དང་ཁེ་ལས་སུ་ཞུགས་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་མི་འབོར་དབུལ་པོ་ཁྲི་3.9ཕྱོགས་སྒྱུར་ལས་ཞུགས་དང་དབུལ་སྒྲོལ་བྱ་རྒྱུ་རེད།

    འཇོན་ཐང་ཅན་གྱིས་སྣེ་ཁྲིད་དེ་ཁག་གཅིག་དབུལ་སྒྲོལ་བྱེད་དགོས། འཇོན་ཐང་ཅན་གྱིས་སྣེ་ཁྲིད་པའི་འཐབ་ཇུས་ལག་ལེན་བསྟར་ནས་དབུལ་སྒྲོལ་འཇོན་ཐང་ཅན་གྱི་དཔུང་ཁག་དང་ཞིང་འབྲོག་ཁུལ་དུ་འཇོན་ཐང་ཅན་གྱི་ལས་གཏོད་བྱས་ནས་མང་ཚོགས་ལས་གཏོད་ལས་ཞུགས་བྱེད་པའི་དམངས་ཡོངས་ལས་གཏོད་ཀྱི་རྣམ་པ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་འཇོན་ཐང་ཅན་གྱིས་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་དང་འཇོན་ཐང་ཅན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གྱིས་མང་ཚོགས་དབུལ་པོ་ཁྲི་3.25དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་སྣེ་ཁྲིད་བྱ་རྒྱུ་དང་ཆབས་ཅིག་ཆ་རྐྱེན་དང་འཚམ་པའི་མང་ཚོགས་དབུལ་པོ་ཁྲི་4.01ཚང་མ་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་ནས་2020ལོར་སླེབས་སྐབས་བློ་མོས་ཡོད་པའི“འགན་ལེན་ལྔའི་དུད་ཚང”དང་དྭ་ཕྲུག་གཅིག་སྡུད་བསྙེན་བཀུར་དང་འཚོ་སྐྱོང་བྱེད་ཚད་100%ཟིན་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།