དབུ་ཤོག>ཞིང་འབྲོག་གསར་པ།
  • དུད་ཚང་དབུལ་པོའི་མཉམ་ལས་དང་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2017-05-05

    དྭངས་ཤིང་གཙང་བའི་ཡར་ཀླུང་གཙང་པོའི་ངོགས་ཀྱི་སྨན་གླིང་རྫོང་བཀྲིས་རབ་བརྟན་ཤང་རྡོ་ཁ་གྲོང་ཚོའི་མདུན་གྱི་ཆུ་འགྲམ་དུ་གནས་པའི་ཅིན་ཡུས་མཛོ་གསོ་ཚགས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་བཀྲ་ཤིས་ཀྱིས་མཛོ་ཤ་ཤེད་རྒྱས་པ་གསོས་སྟབས་དངུལ་སྨར་ཡོང་འབབ་ཧ་ཅང་མང་པོ་རག་གི་ཡོད་པ་རེད།

    ལོ་གཉིས་གོང་བཀྲ་ཤིས་ནི་གྲོང་ཚོའི་ནང་གི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་རེད་སྙམ་མཁན་སུ་ཡང་མེད། 2014ལོའི་ཟླ་7པར་འཚོ་བའི་སྤུས་ཚད་མཐོ་རུ་དང་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། སྨན་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་དང་། བཀྲིས་རབ་བརྟན་ཤང་ཏང་ཨུད་དང་སྲིད་གཞུང་གི་སྣེ་ཁྲིད་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག བཀྲ་ཤིས་དང་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་8ཀྱིས་མ་དངུལ་སྒོར་ཁྲི་110(དེའི་ཁྲོད་རྒྱལ་ཁབ་ཀྱི་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་30དང་ཞིང་འབྲོག་པ་སོ་སོས་རང་གྲབས་དང་ངལ་རྩོལ་ནང་ཞུགས་པ་སྒོར་ཁྲི་80ཡོད་པ)གྲབས་གསོག་བྱས་ཏེ་མཛོ་གསོ་ཚགས་མཉམ་ལས་ཁང་ཐོ་འགོད་བྱས་ནས་བཙུགས།

    བཀྲ་ཤིས་ཀྱིས་མིག་སྔར་མཉམ་ལས་ཁང་གིས་བརྒྱད་གཅིག་གྲོང་རྡལ་དུ་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་ཁང་བཙུགས་ནས་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་འོ་མ་སོས་པ་དང་། ཕྱུར་བ། མར་སོགས་འོ་བཟོས་ཐོན་ཟོག་དང་། བ་གླང་གི་ཤའི་ཐོན་ཟོག དེ་བཞིན་ཞིང་ཕྱུགས་ཐོན་ཟོག་སོགས་ཕྱིར་འཚོང་བྱེད་ཀྱི་ཡོད་ལ། ཕྱིར་འཚོང་ཐོན་ཟོག་ཡོང་འབབ་ཀྱིས་ཡོང་འབབ་བསྡོམས་འབོར་གྱི་82%བཟུང་བའི་ཐོག་ལྕི་བ་སོགས་ལུད་མང་དག་ཅིག་སྔོ་ཚལ་འདེབས་འཛུགས་དུད་ཚང་ལ་འཚོང་གི་ཡོད་པས་ལོར་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་78ཟིན་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི་33བྱུང་སྟེ་དུད་ཚང་དབུལ་པོ་ཚང་མར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.6ལྷག་ཙམ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

    བཀྲ་ཤིས་ཀྱིས་ང་ཚོའི་མཉམ་ལས་ཁང་གིས་དུས་མཚམས་རྗེས་མར་མཛོ་གསོ་ཚགས་བྱེད་པའི་རྨང་གཞིའི་ཐོག་མུ་མཐུད་གཞི་ཁྱོན་ཆེ་རུ་བཏང་ནས་བོད་ཕག་དང་བོད་བྱ་སོགས་གསོ་ཚགས་རྣམ་གྲངས་མང་དུ་གཏོང་བ་དང་གསོ་ཚགས་དང་། ཕྱིར་འཚོང་། རོལ་རྩེད་བཅས་གཞི་གཅིག་ཅན་གྱི་ངལ་གསོ་ཡུལ་བསྐྲུན་རྒྱུ་དང་ཆབས་ཅིག་ད་དུང་མཉམ་ལས་ཁང་གི་ཚོང་རྟགས་ཐོ་འགོད་རེ་ཞུ་བྱས་ནས་ཚོང་ཟོག་དེ་དག་གི་ཁྲོམ་ར་དེ་བས་རྒྱ་ཆེ་བ་ཁྱབ་གདལ་གཏོང་རྩིས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།