དབུ་ཤོག>ཞིང་འབྲོག་གསར་པ།
  • ནུས་སེམས་གཅིག་ཏུ་བསྒྲིལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-03

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས། འདི་ག་ཚགས་པར་ཁང་གི་གསར་འགོད་པས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་འདྲ་བྱེད་མིན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་གཞུང་དོན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་དབྱིན་ཧྥེན་ཧྲུའེ་ལ་བཅར་འདྲི་ཞུས་པ་རེད།

    དབྱིན་ཧྥེན་ཧྲུའེ་ཡིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་དབུལ་སྐྱོར་སྡེ་ཚན་དང་རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་ད་ལྟ་སྒྲུབ་བཞིན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལྟེ་བར་བརྩིས་ནས་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བཤད།

    དབྱིན་ཧྥེན་ཧྲུའེ་ཡིས་ལྗོངས་ཡོངས་ཀྱི་རིམ་ཁག་དབུལ་སྐྱོར་སྡེ་ཚན་དང་རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་ངེས་པར་དུ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཆང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱིས་གཅིག་འདོམས་བྱེད་པ་མཐའ་འཁྱོངས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་དགོས་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས་དང་། “གནད་སྨིན་དྲུག”གི་བླང་བྱ་གཞིར་བཟུང“ཁག་གཅིག་བྱས་པ་ལྔ”ལ་གསར་གཏོད་སྐུལ་འདེད་གཏོང་བ། “དམིགས་སར་འབྱོར་བ་བརྒྱད”སྒྲུབ་པ་བཅས་བྱས་ནས་2016ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བ་འགན་ལེན་བྱས་པའི་རྨང་གཞིའི་ཐོག་2017ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཇུས་བཀོད་ནན་ཏན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    ལྗོངས་ཡོངས་ཀྱི་རིམ་ཁག་དབུལ་སྐྱོར་སྡེ་ཚན་གྱིས“རིམ་པ་བཞིན་དབུལ་ཞྭ་འབུད་པ་དང་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། བྱེད་ཐབས་སྣ་མང་སྤྱོད་པ་དང་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ་མི་འབོར་དབུལ་པོ་ཁྲི་13དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་1790དབུལ་སྐྱོར་བྱ་ཡུལ་ནས་ཕྱིར་འཐེན། རྫོང་དབུལ་པོ་15དབུལ་ཞྭ་འབུད་པ། མང་ཚོགས་དབུལ་པོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་16%ཡན་དུ་རྒྱུན་འཁྱོངས་ཐུབ་པ”བཅས་ཀྱི་ལོ་འཁོར་གྱི་ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་ཕྱོགས་ལྔའི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནི་ཐོན་ལས་དབུལ་སྐྱོར་ལག་བསྟར་ཤུགས་ཆེན་བྱེད་དགོས། ཡུལ་བབ་དང་བསྟུན་པ་དང་ཁྲོམ་རའི་བྱེད་ཐབས་སྤྱད་དེ་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་དང་འདང་ངེས་གཏོང་དགོས་པ་དང་། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་དང་རྒྱུ་ནོར་དབུལ་སྐྱོར་གྱི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཐོན་ཁུངས་རྒྱུ་ནོར་ཅན་དང་རྒྱུ་ནོར་མ་རྐང་ཅན་དུ་གྱུར་བར་བྱས་ནས་མང་ཚོགས་དབུལ་པོ་དང་གཉེར་སྐྱོང་བྱེད་པོའི་སྔར་བས་སྲ་ཞིང་བརྟན་ལ་འཐུས་སྒོ་ཚང་བའི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཛུགས་དགོས། གཉིས་ནི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་ལག་བསྟར་ཤུགས་ཆེན་བྱེད་དགོས། རྒྱུ་རྐྱེན་གཙོ་བོ་འོས་འཚམ་གཅིག་སྡུད་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་ཏེ་གྲོང་རྡལ་ཆུང་གྲས་དང་། ཐོན་ལས་གླིང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ལས་སྟེགས་ལ་བརྟེན་ནས་མི་འབོར་དབུལ་པོ་ལྟེ་བའི་གྲོང་རྡལ་དང་། ལྟེ་བའི་ཤང་དང་གྲོང་ཚོ། ཐོན་ལས་གླིང་བཅས་སུ་བསྡུ་བར་ཁྲིད་སྟོན་བྱེད་པ་དང་འབྲེལ་གོམ་སྟབས་གཅིག་མཚུངས་ངང་གནས་སྤོ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་ཏེ་སྤོ་ཐུབ་པ་དང་། བརྟན་པོ་སྡོད་ཐུབ་པ། ལས་ཞུགས་ཡོད་པ། འབབ་འཕར་ཡོང་བ་བཅས་འགན་ལེན་བྱེད་དགོས། གསུམ་ནི་ལས་ཞུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ངལ་རྩོལ་ནུས་པ་ཡོད་པའི་མི་འབོར་དབུལ་པོ་དང་ཡིག་ཚགས་དང་གཱ་ནང་བཅུག་མེད་པའི་མ་མཐའི་འཚོ་བ་འགན་ལེན་གྱི་མི་འབོར་ཚང་མ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་འབྲེལ་དབུལ་པོའི་མཚམས་སུ་སླེབས་པའི་མི་ཚོགས་ཀྱི་ཕྱོགས་སུ་རིམ་བཞིན་རྒྱ་སྐྱེད་གཏོང་དགོས། བཞི་ནི་གཞན་སྒྱུར་གསོ་སྦྱོང་ལག་བསྟར་ཤུགས་ཆེན་བྱེད་དགོས་ཤིང་། རིགས་ཁག་གི་གསོ་སྦྱོང་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་གྱིས་མངགས་ཐོ་དང་། མཉམ་ཞུགས། གནས་གཏན་འཁེལ་གྱི་གསོ་སྦྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མར་རོགས་སྐྱོར་དང་དམའ་རིམ་དང་མཐོ་རིམ་སློབ་འབྲིང་དུ་སྐྱོད་མ་ཐུབ་པའི་སློབ་མའི་ལས་རིགས་སློབ་གསོའི་སློབ་ཡོན་མི་དགོས་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ། ལས་རིགས་ལག་རྩལ་གསོ་སྦྱོང་དང་སློབ་རྒྱུས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་དབུལ་པོའི་ལས་ཞུགས་འཇོན་ཐང་ཆེ་རུ་གཏོང་དགོས། ལྔ་ནི་ལམ་ལུགས་གཉིས་ཀྱི་སྦྲེལ་མཐུད་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ“ཚད་གཞི་གཉིས་ཟླ་སྒྲིལ”ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་ཆ་འཕྲིན་མ་ལག་ནང་བཅུག་མེད་པའི་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་ཡོངས་དབུལ་སྐྱོར་སྲིད་ཇུས་ཁྱབ་ཚད་ཀྱི་ཁོངས་གཏོགས་སུ་འཇུག་དགོས།

    དབྱིན་ཧྥེན་ཧྲུའེ་ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཧྲིལ་པོ་སྤེལ་རིང་དབུལ་སྒྲོལ་བྱེད་པར་སྲིད་ཇུས་ལ་བརྟེན་དགོས་པ་དང་། ཕྱུག་པོ་ཆགས་པར་ཐོན་ལས་ལ་བརྟེན་དགོས་པ། ཐོན་ལས་ཀྱི་འདེགས་སྐྱོར་མེད་པའི་དབུལ་སྒྲོལ་ནི་རྒྱུན་མཐུད་ཐུབ་མི་སྲིད། དེར་བརྟེན་གོམ་སྟབས་རྗེས་མའི་ལས་དོན་སྤེལ་སྐབས་རྨང་གཞིའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་རིམ་ཁག་དབུལ་སྐྱོར་སྡེ་ཚན་གྱིས་ཐོན་ལས་དབུལ་སྐྱོར་ཐད་ཚད་བརྒལ་གསར་པ་ཐོབ་རྒྱུར་གཙོ་གནད་སྐུལ་འདེད་གཏོང་དགོས་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།