དབུ་ཤོག>ཞིང་འབྲོག་གསར་པ།
  • ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་གཞོགས་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-01

    ཉེ་ཆར་གསར་འགོད་པར་བོད་ལྗོངས་དངུལ་རྩ་གནད་སྨིན་དབུལ་སྐྱོར་ཐོན་ལས་རྣམ་གྲངས་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཞིང་འབྲོག་དུད་ཚང་ལ་དངུལ་བུན་སྒོར་དུང་ཕྱུར་56.06བཏང་ནས་ཞིང་འབྲོག་པ་དུད་ཚང་ཁྲི་36.42དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུར་རྒྱབ་སྐྱོར་བྱས་པ་དེ་དུས་མཚུངས་དང་བསྡུར་ན་སྒོར་དུང་ཕྱུར་12.23འཕར་བ་དང་ཞིང་དུད་ཀྱི་དངུལ་བུན་སྒོར་དུང་ཕྱུར་207.58ཟིན་ཏེ་སྒོར་དུང་ཕྱུར་200ཡི་འགག་སྒོ་ཆེ་མོ་ལས་ཐོག་མར་བརྒལ་བ་རེད།

    ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཨུ་ཡོན་ཧང་ཀྲང་གཞོན་པ་ཝང་ཧུང་གིས་2016ལོ་ནས་བཟུང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་སྒྲིག་བླང་བྱ་དང་རང་ལྗོངས་ཀྱི“གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་ཁག་བཅུ་མཐོར་གཏོང”དང“ཁག་ལྔ་བྱས་པ་གཅིག”གི་བྱ་སྤྱོད་འཆར་གཞི་གཞིར་བཟུང་། ལས་དོན་སྦྲེལ་མཐུད་ཧུར་ཐག་བྱས་པ་དང་གཅིག་ནས་ཉམས་མྱོང་མེད་པ་དང་གཉིས་ནས་མིག་དཔེ་མེད་པའི་གནས་ཚུལ་འོག་ལག་བསྟར་བྱེད་ཀྱིན་དུ་འཚོལ་ཞིབ་དང་ཕྱོགས་སྡོམ་བྱས་པས་དངུལ་རྩའི་དབུལ་སྐྱོར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་འགོ་ཡག་པོ་ཞིག་བཙུགས་ཡོད། འདི་ལོའི་ཟླ་བ་གསུམ་པའི་ཟླ་མཇུག་བར་དངུལ་ཁང་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་342.6ཟིན་པ་དེ་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར་42འཕར་བ་དང་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར་23.86འཕར་ནས་འཕར་ཚད་14.08%ཟིན་པ་དང་འཕར་ཚད་དེ་དངུལ་ཁང་ཡོངས་ཀྱི་དངུལ་བུན་ཁག་ལས་བརྒྱ་ཆའི་གྲངས་5.68ལས་མཐོ་བ་དང་ཞིང་འབྲེལ་དངུལ་བུན་གྱི“མི་དམའ་བ་གཉིས”ཀྱི་དམིགས་ཚད་ལེགས་གྲུབ་ཟིན་ཡོད། དངུལ་ཁང་ཡོངས་ཀྱི་མི་སྒེར་གྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར་81.04ཟིན་པ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་དངུལ་བུན་སྒོར་དུང་ཕྱུར་7.89བཏང་བ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་31.31ཟིན་པ་དང་རོགས་སྐྱོར་ཐོབ་མཁན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཁྲི་6.56ཟིན་ནས་མི་འབོར་དབུལ་པོ་ཁྲི་21.24ལ་ཕན་པ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།