དབུ་ཤོག>ཞིང་འབྲོག་གསར་པ།
  • ཁྱད་ལྡན་གྲོང་རྡལ་ཆུང་ངུར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-21

    འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་ཚོའི་ཡུལ་ལྗོངས་ཡིན་པ།

    འདི་ནི་དཀྱིལ་ཐང་གྲོང་རྡལ་ཀོང་ཏུང་གྲོང་གསར་དུ་སྤོ་འགོ་ཚུགས་པའི་མཛད་སྒོའི་ཐོག་གྲོང་མིས་སྡོད་ཁང་གསར་པའི་ལྡེ་མིག་ལེན་པའི་གནས་ཚུལ་ཡིན་པ།

    2015ལོ་ནས་ད་བར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་ས་གནས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་མཚོན་ས་ཚིགས་འཛུགས་སྐྲུན་ལས་དོན་ལ་གྲུབ་འབྲས་རགས་ཙམ་ཐོབ་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་མིང་གཞུང་ནང་ཚུད་རྗེས་དཀྱིལ་ཐང་གྲོང་རྡལ་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱས་ནས་གྲོང་རྡལ་ཆུང་ངུ་འཆར་འགོད་དང་། འཛུགས་སྐྲུན། འཕེལ་རྒྱས་བཅས་གཙོ་གནད་དུ་བཟུང་སྟེ་དཀྱིལ་ཐང་གྲོང་རྡལ་དེ་ཉིད་སྣོད་བཅུད་ཁོར་ཡུག་བཟང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། མིའི་འཚོ་སྡོད་ཁོར་ཡུག་ལེགས་པ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་བཅས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཞིག་ཏུ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།