དབུ་ཤོག>ཞིང་འབྲོག་གསར་པ།
  • གཞིས་རྩེས་དབུལ་སྒྲོལ་འགག་སྒྲོལ་གྱི“ལག་ཁྱེར་གཅིག་དང་། གཱ་གཉིས། དཔེ་རིས་གསུམ། ལག་དེབ་བཞི”གཤམ་སྤྲོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-13

     ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་སྐབས་ལྗོངས་ཏང་ཨུད་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ་མཐོ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི“ལག་ཁྱེར་གཅིག་དང་། གཱ་གཉིས། དཔེ་རིས་གསུམ། ལག་དེབ་བཞི”བཟོས་ཏེ་གཤམ་སྤྲོད་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་རྨང་གཞིའི་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    “ལག་ཁྱེར་གཅིག”ནི་སྣོད་བཅུད་ལས་ཞུགས་ལས་གནས་ཀྱི་ལས་ཐོག་ལག་ཁྱེར་ཡིན་ཞིང་། གྲོང་ཁྱེར་ཡོངས་ཀྱིས་སྣོད་བཅུད་ལས་ཞུགས་ལས་གནས་ཀྱི་ལས་ཐོག་ལག་ཁྱེར་ཁྲི་15.17གཅིག་གྱུར་ཐོག་བཟོས་ཏེ་ལས་ཞུགས་ལག་ཁྱེར་ཁྱེར་ནས་ལས་གནས་ཐོག་སྐྱོད་མཁན་གྱི་མིང་དང་། ཕོ་མོ། ལོ། ཁྱིམ་ཚང་གནས་ཡུལ། ལས་གནས་རིགས་སོགས་ཀྱི་རྨང་གཞིའི་ཆ་འཕྲིན་གསལ་པོ་བཟོས་པ་དང་འབྲེལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ལས་གནས་ཀྱི་ལས་ཀའི་འགན་འཁྲི་དང་བླང་བྱ་གསལ་པོ་བཀོད་དེ“མི་དང་ལག་ཁྱེར་གཅིག་མཐུན་དང་། ལག་ཁྱེར་དང་ལས་གནས་གཅིག་མཐུན། འགན་འཁྲི་ཁ་གསལ”ཐུབ་པ་བྱས་ཡོད་པ་རེད།

    “གཱ་གཉིས”ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གནད་སྨིན་དབུལ་སྐྱོར་གྱི་ཁ་གསལ་གཱ་དང་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་ཆ་འཕྲིན་ཡོངས་བསྒྲགས་གཱ་ཡིན་པ་རེད། གྲོང་ཁྱེར་ཡོངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཁྲི་4.24ལ་དབུལ་པོའི་གནད་སྨིན་དབུལ་སྐྱོར་གྱི་ཁ་གསལ་གཱ་དང་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་ཆ་འཕྲིན་ཡོངས་བསྒྲགས་གཱ་གཅིག་གྱུར་ཐོག་བཟོས་ཡོད་པ་རེད། གཱ་དེའི་ཐོག་དུད་ཚང་དབུལ་པོའི་ཁྱིམ་ཚང་གི་ཁོངས་མིའི་གཞི་རྩའི་ཆ་འཕྲིན་དང་། དབུལ་པོ་ཆགས་པའི་རྒྱུ་རྐྱེན། གཞི་རྩའི་ཐོན་སྐྱེད་རྒྱུ་ཆའི་གནས་ཚུལ། ཡིག་ཚགས་དང་གཱ་བཟོས་པའི་མིའི་ལོ་རེའི་ཆ་སྙོམས་ཡོང་འབབ། སྡོད་ཁང་གི་གནས་ཚུལ། ཆ་སྒྲིག་རོགས་སྐྱོར་གྱི་འགན་འཁྲིའི་མི་སྣ། ཐོན་ལས་སྦྲེལ་མཐུད་རྣམ་གྲངས། ཞིབ་ཕྲའི་ཡོང་འབབ་ཡོང་ཁུངས་ཀྱི་གྲངས་འབོར། གཉེར་སྐྱོང་བྱེད་པོ་སོགས་ཀྱི་འགག་རྩའི་ཆ་འཕྲིན་གསལ་པོ་བཀོད་ཡོད་པ་རེད།

    “དཔེ་རིས་གསུམ”ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་དཔེ་རིས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གནད་སྨིན་གསལ་འབྱེད་གོ་རིམ་དཔེ་རིས། དབུལ་སྒྲོལ་འགག་སྒྲོལ་གྱི་གནད་སྨིན་ཕྱིར་དོན་གོ་རིམ་དཔེ་རིས་བཅས་ཡིན་པ་རེད། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་རྫོང(ཆུས)དང་། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་པ་བཞིའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་དཔེ་རིས་བཟོས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་ལས་དོན་སྔོན་དཔག་ལྟར་སྤེལ་རྒྱུའི་འགན་ལེན་བྱས་ཡོད་པ་དང་། གྲོང་ཁྱེར་ཡོངས་སུ་གཅིག་གྱུར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གནད་སྨིན་གསལ་འབྱེད་གོ་རིམ་དཔེ་རིས་དང་། གནད་སྨིན་ཕྱིར་དོན་གྱི་གོ་རིམ་རེའུ་མིག་བཟོས་ནས་ཡིག་ཚགས་དང་གཱ་བཟོ་བའི་གནད་སྨིན་གསལ་འབྱེད་དང་། ཁག་གཅིག་རེ་དགུའི་བྱ་ཐབས་གཏན་འཁེལ། གནད་སྨིན་ཕྱིར་དོན་སོགས་ཀྱི་ལས་ཀའི་གོ་རིམ་སྔར་བས་གསལ་པོ་ཡོང་བ་བྱས་ནས་རིམ་ཁག་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན“གོ་རིམ་གསལ་བ་དང་། དྲང་གཞག་ཡོངས་བསྒྲགས། ལྟ་སྐུལ་དོ་དམ་བྱེད་བདེ་བ”ཡོང་བ་བྱས་ཏེ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད་པ་རེད།

    “ལག་དེབ་བཞི”ནི་དུད་ཚང་དབུལ་པོའི་གནད་སྨིན་དབུལ་སྐྱོར་གྱི་ཁ་གསལ་ལག་དེབ་དང་། ཆ་སྒྲིག་རོགས་སྐྱོར་གྱི་ལས་ཀའི་ལག་དེབ། དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་ཕན་ལག་དེབ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་ལག་དེབ་བཅས་ཡིན་པ་རེད། དུད་ཚང་དབུལ་པོའི་གནད་སྨིན་དབུལ་སྐྱོར་ཁ་གསལ་ལག་དེབ་ནང་དུད་ཚང་དབུལ་པོར་ཡིག་ཚགས་དང་གཱ་བཟོས་པའི་ལོའི་གཞི་རྩའི་གནས་ཚུལ་དང་། རེ་ཞུ་དང་ཕྱིར་དོན་ལོའི་གཞི་རྩའི་གནས་ཚུལ། ཞིབ་ཕྲའི་དབུལ་སྒྲོལ་བྱ་ཐབས། ཟླ་རེ་བཞིན་དུད་ཚང་དབུལ་པོའི་ལོ་རེའི་ཁྱིམ་ཚང་དབུལ་པོའི་གཏོང་ཡོང་གནས་ཚུལ་རྗེས་སྙེགས་ཐོ་འགོད་བྱེད་པ་སོགས་གནད་སྨིན་དབུལ་སྐྱོར་གྱི“ཐབས་ཇུས་གནད་སྨིན་དང་། གཏོང་ཡོང་ཁ་གསལ། རྗེས་སྙེག་སྟབས་བདེ”ཡོང་བ་བྱས་ཡོད་པ་རེད། ཆ་སྒྲིག་རོགས་སྐྱོར་ལས་ཀའི་ལག་དེབ་ནང་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་། གྲོང་ཁྱེར(ཆུས)ཀྱི་ཐད་གཏོགས་ཚན་པ་104 ཁེ་ལས་161གི་ཆ་སྒྲིག་རོགས་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། གྲོང་ཚོ་དབུལ་པོའི་ལས་ཀའི་འགན་འཁྲི། རོགས་སྐྱོར་གྱི་བྱ་ཐབས། རོགས་སྐྱོར་གྱི་ཕན་འབྲས། གནས་པའི་དཀའ་གནད་དང་གནད་དོན་སོགས་གསལ་པོ་བཀོད་ཡོད་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་ཕན་ལག་དེབ་ནང་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བསྡུ་རུབ་ཕྱོགས་བསྒྲིགས་བྱས་ཡོད་པ་དང་། དེའི་ནང་ནོར་ཁྲལ་གྱི་སྲིད་ཇུས་རོགས་སྐྱོར་དང་། སློབ་གསོའི་དབུལ་སྒྲོལ་སྲིད་ཇུས། ལས་ཞུགས་ཀྱི་རོགས་སྐྱོར་སྲིས་ཇུས་སོགས་ཚུད་ཡོད་པས“སྲིད་ཇུས་མི་སེམས་ལ་ཟུག་པ་དང་། དུད་ཚང་དབུལ་པོའི་སེམས་ནང་གདེང་ཚོད་ཡོད་པ། སྲིད་ཇུས་མིག་མཐོང་ལག་འཛིན་ཐུབ་པ”བཅས་བྱུང་ཡོད་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་ལག་དེབ་ནང་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྩ་འཛུགས་སྒྲིག་གཞི་དང་། ལག་བསྟར་ཇུས་གཞི། ལས་ཀའི་འགན་འཁྲི་སོགས་ཕྱོགས་བསྡུས་བྱས་ཡོད་པས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་དབུལ་སྒྲོལ་འགག་སྒྲོལ་ལས་དོན་མི་སྣ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་རྩ་འཛུགས་སྒྲིག་གཞི་དང་དེ་མིན་གྱི་ཆ་འཕྲིན་གལ་ཆེན་ཤེས་རྟོགས་བྱེད་རྒྱུར་སྟབས་བདེ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།