དབུ་ཤོག>ཞིང་འབྲོག་གསར་པ།
  • ​ མང་ཚོགས་དབུལ་པོའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-12

    ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་མི་སྣ་རྩལ་ནུས་གསོ་སྦྱོང་ལ་ཞུགས་རྒྱུར་སྐུལ་ལྕག་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་སྔ་ཙམ་ཡོང་ཆེད། ཉེ་ཆར་མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་དང་དབུལ་སྐྱོར་གཞུང་ལས་ཁང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སྒྲིག་འཛུགས་བྱས་ནས་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ད་ཐེངས་ཀྱི་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭར་ཞུགས་མཁན་མི་40ཡོད་པ་ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ལ་མང་ཚོགས་ཚོས་གང་མགྱོགས་རང་བརྟེན་ལས་གཏོད་ཐུབ་རྒྱུར་སྐུལ་ལྕག་བྱས་ཤིང་། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ལ་རྫོང་མི་སྤྱི་ཅུས་དང་དབུལ་སྐྱོར་གཞུང་ལས་ཁང་གིས་ད་དུང་གཏེར་ཐོན་ཁེ་ལས་སུ་ལས་ཞུགས་ཐུབ་པའི་མཐུན་སྦྱོར་བཀོད་སྒྲིག་བྱས་ནས། མང་ཚོགས་དབུལ་པོའི་གསོ་སྦྱོང་རྗེས་ཀྱི་སེམས་ཁྲལ་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།