དབུ་ཤོག>ཞིང་འབྲོག་གསར་པ།
  • རྨང་བརྟན་དམངས་ཕན་གྱི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-12

     ཉེ་ཆར། ཁ་རུབ་ཆུས་ཀྱི་གྲོང་ཚོའི(གྲོང་ལྷན)གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ལས་བྱེད་པའི་ཆ་སྒྲིག་རོགས་སྐྱོར་གྱི“དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད”སྤེལ་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྙིང་གཏམ་ཤོད་རེས་བྱས་ཁར། ཏང་འཛུགས་སྐྱོང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ཡོད། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་གནད་སྨིན་དབུལ་སྐྱོར་གྱི་སྤེལ་རེས་རྣམ་པའི་ཞིབ་བཤེར་དང་ཞིབ་བཤེར་བསུ་བའི་ལས་དོན་སྤེལ་རྒྱུ་དེ་གོ་སྐབས་སུ་བྱས་ནས་ཆེད་དོན་ཚོགས་འདུ་འཚོགས་པ་དང་དུད་ཁྱིམ་དུ་བསྐྱོད་དེ་མཐིལ་བཤེར་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བརྟག་དཔྱད་ཀྱིས་2017ལོའི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་ཞིབ་ཚགས་གནད་སྨིན་གྱི་དཔྱད་ཡིག་མཁོ་འདོན་བྱས་ཤིང་། གཞན་ཡང་ཁ་རུབ་ཆུས་ཀྱི་གྲོང་ཚོའི(གྲོང་ལྷན)གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་དང་མཉམ་དུ་ཏང་ཡོན་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་འགྲིམ་འགྲུལ་འགག་མདོ་དང་། རྒྱལ་ལམ་གྱི་ལམ་རྒྱུད། ཁྱིམ་ཚང་གི་སྒོ་ར་བཅས་ལ་གཅིག་སྡུད་ངང་ཁོར་ཡུག་བཅོས་སྒྲིག་བྱས་པ་མ་ཟད། འགྲིམ་འགྲུལ་གྱི་བགྲོད་ལམ་དང་ལམ་ངོས་ལ་བཅོས་སྒྲིག་བྱས་ཏེ་གྲོང་ཚོའི་གད་སྙིགས་གཙང་སེལ་བྱས་ནས་འཚོ་བའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།