དབུ་ཤོག>ཞིང་འབྲོག་གསར་པ།
  • “དཔྱིད་རླུང་བྱ་སྤྱོད”ལ་བརྟེན་ནས་ལས་གནས་བཏོད་པ་དང་སྦྲེལ་ཟམ་བཙུཌ་ཏེ་ལས་ཞུཌ་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-11

    ཉེ་ཆར་འཕྱོངས་རྒྱས་རྫོང་གིས“དཔྱིད་རླུང་བྱ་སྤྱོད”དང་སྐབས་གསུམ་པའི་མི་ཤུགས་ཐོན་ཁུངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་པ་དང་། མི་སྤྱོད་ཚན་པ་26གིས་ཟ་ཁང་གི་ལས་མི་དང་། ཁ་ལོ་བ། མགྲོན་ཁང་གི་དངུལ་བསྡུ་མཁན། ཕྱིར་ཚོང་མི་སྣ། བདེ་སྲུང་སོགས་ཀྱི་ལས་གནས་500ལྷག་ཙམ་མཁོ་འདོན་བྱས་ཡོད། 2016ལོར་འཕྱོངས་རྒྱས་རྫོང་གིས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། ལས་ཞུགས་ལས་གནས་བཏོད་པ། ལས་ཞུགས་གོ་སྐབས་བཏོད་པ་སོགས་ཀྱི་ཐབས་ལམ་བརྒྱུད། མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་བས། ངལ་ནུས་ཕྱིར་གཏོང་མི་ཐེངས་8621བྱས་པར་ཡོང་འབབ་སྒོར་ཁྲི་5127.32བྱུང་ཞིང་། འདི་ནི་ལས་མི་བསྡུ་བའི་འདུ་ཚོགས་ཐོག་རྫོང་དེའི་མང་ཚོགས་ཀྱིས་ལས་གནས་ཀྱི་གནས་ཚུལ་བློ་འདྲི་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།